logo

པདྨ་རྒྱ་མཚོའི་བརྩམས་ཆོས《ཤམ་བྷ་ལ》ཞེས་པ་ཁྲི་ཁ་ཀོ་ན་འཁྲབ་སྟོན་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-02-11 ཀློག་གྲངས།:

བོད་ཀྱི་གར་བ་པདྨ་རྒྱ་མཚོའི་བརྩམས་ཆོས《ཤམ་བྷ་ལ》ཞེས་པ་ཁྲི་ཁ་ཀོ་ན་འགྲེམ་གཏོང་བྱས།
བོད་ཀྱི་གར་བ་པདྨ་རྒྱ་མཚོའི་བརྩམས་ཆོས《ཤམ་བྷ་ལ》ཞེས་པའི་ཁྱབ་སྒྲོག་པར་རིས།

        རྒྱུས་ལོན་བྱུང་བ་ལྟར་ན། ཟླ2པའི་ཚེས8ཉིན་བོད་ཀྱི་གར་བ་པདྨ་རྒྱ་མཚོའི་བརྩམས་ཆོས《ཤམ་བྷ་ལ》ཞེས་པ་ཨ་རིའི་ཁྲི་ཁ་ཀོའི་ཡ་ཏན་ནཱ་ཟློས་གར་ཁང་དུ་འཁྲབ་སྟོན་བྱས།
        པདྨ་རྒྱ་མཚོ་ནི་པདྨ་གར་ཚོགས་ཀྱི་གསར་འབྱེད་པ་དང་། ཀྲུང་གོའི་བྲོ་གར་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་རིག་གནས་ཡར་སྐུལ་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། ནུབ་བྱང་མི་རིགས་སློབ་ཆེན་གྱི་གདན་མགྲོན་དགེ་རྒན་ཆེན་མོ་བཅས་ཡིན།


བོད་ཀྱི་གར་བ་པདྨ་རྒྱ་མཚོའི་བརྩམས་ཆོས《ཤམ་བྷ་ལ》ཞེས་པ་ཨ་རིའི་ཁྲི་ཁ་ཀོའི་
ཡ་ཏན་ནཱ་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་བཞིན་པ།

        ཁོས་སློབ་མའི་འཚོ་བ་ནས་བཟུང་བྲོ་གར་གསར་སྐྲུན་ཐད་བརྩོན་པ་གང་ལེགས་བྱས་ཡོད་དེ། ཁོའི་གསར་སྐྲུན་གྱི་བསམ་བློ་དང་ཐུན་མོང་མ་ཡིན་པའི་སྒྲིག་སྐྲུན་གྱི་རྣམ་པ་སོགས་སྒྱུ་རྩལ་གྱི་ཆ་མང་པོར་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཆེད་མཁས་པ་དག་གིས་གདེང་འཇོག་ཚད་མཐོན་པོ་གནང་བ་དང་གཟིགས་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས་པ་རེད།


ཡུལ་དངོས་སུ་པདྨ་རྒྱ་མཚོ་ལ་འབྲེལ་ཡོད་གསར་འགོད་པས་བཅར་འདྲི་བྱེད་བཞིན་པ།


ཁྲི་ཁ་ཀོའི་ཀྲུང་གོ་ས་ཁུལ་མཛའ་འབྲེལ་གྲོང་ཁྱེར་ཨུ་ཡོན་ལྷན་ཚོགས་ཀྱི་གཙོ་དཔོན་བྷེ་ཡོ་སི་ཕུན་སི།

        གཟིགས་མོ་བ་འགའ་ཤས་ཀྱིས《ཤམ་བྷ་ལ》ཞེས་པའི་གར་གྱི་སྟངས་སྟབས་ངོ་མཚར་ཆེ་བར་འདོད་པ་དང་། ལ་ལས་དེའི་གསར་གཏོད་ཀྱི་ཤུགས་དྲག་པར་བརྗོད། ཁྲི་ཁ་ཀོའི་ཀྲུང་གོ་ས་ཁུལ་མཛའ་འབྲེལ་གྲོང་ཁྱེར་ཨུ་ཡོན་ལྷན་ཚོགས་ཀྱི་གཙོ་དཔོན་བྷེ་ཡོ་སི་ཕུན་སིས་བཤད་རྒྱུར།  ཁོས་བལྟས་ན་བརྩམས་ཆོས་འདི་ནི་ཤིན་ཏུ་མཛེས་ཤིང་སྡུག་པ་དང་རྗེས་ཕྱོགས་ད་དུང་ཐེངས་ཤིག་ལ་གཟིགས་ཐུབ་པར་རེ་སྨོན་ཆེན་མོས་བརྟས་ཡོད་ཟེར།
        རྒྱུས་ལོན་པ་ལྟར་ན།  འདིའི་ནང་གཙོ་བོ་ནང་བསྟན་རིག་གནས་ཀྱི་ཆ་དོད་པོ་ལྡན་པ་མ་ཟད།  མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ། སྐྱེ་འཆིའི་ལྟ་བ་སོགས་ཀྱང་གང་མང་འདུས་པ་ཡིན། དེ་མིན《ཤམ་བྷ་ལ》ཞེས་པ་མི་འགྱངས་པར་ཨ་རིའི་ཉིག་ཡོ་ན་འཁྲབ་གྲབས་ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།