logo

ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕྱིར་ལོག་ཅེས་པའི་གློག་བརྙན་ཐོག་མའི་གཟིགས་འབུལ་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-26 ཀློག་གྲངས།:

ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕྱིར་ལོག་ཅེས་པའི་གློག་བརྙན་་ཐོག་མའི་གཟིགས་འབུལ་བྱེད་པ།
ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕྱིར་ལོག་ཅེས་པའི་གློག་བརྙན་
ཐོག་མའི་གཟིགས་འབུལ་བྱེད་པ།

         ཉེ་སྔོན། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གུང་གཞོན་ཚོགས་པ་དང་སློབ་མའི་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་དང་། སློབ་གྲྭའི་སློབ་གསོ་གློག་བརྙན་ཁང་གིས་རོགས་སྒྲུབ་བྱས་པའི་རྒྱལ་ཁབ་རིམ་པའི་སློབ་ཆེན་པའི་གསར་སྐྲུན་ལས་གཞི་སྟེ་བོད་ཀྱི་སློབ་རའི་གློག་བརྙན《ཕྱིར་ལོག》ཅེས་པ་སློབ་གྲྭ་འདིའི་སློབ་ཁུལ་གསར་བའི་རིག་གཞུང་སྙན་ཞུ་ཚོམས་ཁང་དུ་འགྲེམ་གཏོང་བྱས། 


སློབ་གཙོ་བན་གོ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

          སློབ་གཙོ་བན་གོ་ལགས་ཡུལ་དངོས་སུ་སླེབས་ཏེ་གཏམ་བཤད་གལ་ཆེན་གནང་ལ། སློབ་གྲོགས་ཚོས་སློབ་གྲྭའི་སློབ་མས་གསར་སྐྲུན་ལས་རིགས་ཀྱི་ལས་གཞི་དམ་འཛིན་སྒོས་རང་ཉིད་ཀྱི་ནུས་ཤུགས་ཡོངས་སུ་འདོན་སྤེལ་བྱེད་པར་རེ་སྨོན་བཅོལ། དེར་མཐུད་ལས་གཞི་འདིའི་འགན་ཁུར་བའམ《ཕྱིར་ལོག》ཅེས་པའི་གློག་བརྙན་གྱི་སྒྲིག་འཁྲབ་པ་དང་།  གློག་བརྙན་འདིའི་འཁྲབ་ཁྲིད་པ་གཉིས་ཀྱིས་ཡུལ་དངོས་སུ་འབྲེལ་ཡོད་སྙན་ཞུ་ཕུལ།


ཚོགས་རའི་ཡུལ་དངོས།


འབྲེལ་ཡོད་འོས་སྦྱོར།