logo

པདྨ་ཚེ་རིང་གི《ཁྱེད་རང་དྲན་པའི་སྟོན་ཁ》ཞེས་པའི་ཐོག་མའི་གཟིགས་འབུལ་མཛད་སྒོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-26 ཀློག་གྲངས།:

པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་སྟོན་ཁྲོད་བྱ་དགའ་ཐོབ་པའི་གློག་བརྙན་བརྩམས་ཆོས་ཏེ《ཁྱེད་རང་དྲན་པའི་སྟོན་ཁ》
པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་སྟོན་ཁྲོད་བྱ་དགའ་ཐོབ་པའི་གློག་བརྙན་
བརྩམས་ཆོས《ཁྱེད་རང་དྲན་པའི་སྟོན་ཁ》ཞེས་པའི་ཐོག་མའི་གཟིགས་འབུལ།

          ཉེ་སྔོན། ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཁྱེད་རང་དྲན་པའི་སྟོན་ཁ》ཞེས་པའི་ཆེས་ཐོག་མའི་གཟིགས་འབུལ་མཛད་སྒོ་དེ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་གཟབ་རྒྱས་ངང་བསྡུས་པ་དང་། སློབ་གླིང་དེ་གས་ཕུན་ཚོགས་ཚོགས་པ་མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་རྒྱ་ཁྱབ་ཚད་ཡོད་ཀུང་ཟིར་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གྲྭ་ཆེན་མོ་བའི་ཁེ་ལས་བརྟེན་གཞི་ཞེས་པའི་མིང་རྟགས་བཀོད་ནས་སྒོ་བྱང་བཀལ།


འབྲེལ་ཡོད་འགོ་ཁྲིད་རྣམ་པ།

         རེབ་འདིའི་ཐོག་མའི་གཟིགས་འབུལ་མཛད་སྒོར་ཀན་ལྷོ་ཁུལ་རིག་གནས་ཅུའི་འགོ་གཙོ་དང་གཙོས་གྲོང་ཁྱེར་རིག་གནས་ཅུའི་སྐུ་ཚབ། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་གཙོ་གཞོན་པ་དཔལ་ལྡན་དང་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་པའོ་ཅོན་ཧའེ། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གི་སློབ་བསྡུ་བྱ་བའི་འགོ་གཙོ་ཚོ། གཞན་ཀན་སུའུ་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་པ་དང་ཀན་ལྷོ་བརྙན་འཕྲིན་ཁང་གི་གསར་འགོད་པ། ཀན་ལྷོའི་ཆ་འཕྲིན་ཁང་གི་གསར་འགོད་པ་བཅས་བསྡོམས་པས་མི2000ལྷག་འདུས་ཡོད།


ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་གིས་འགོ་ཁྲིད་ལ་གླེང་མོལ་བྱེད་བཞིན་པ།

         གཟིགས་འབུལ་མཛད་སྒོའི་སྟེང་དུ་འགོ་ཁྲིད་གཙོས་པའི་གཏམ་བརྗོད་པ་རྣམས་ཀྱིས་བོད་ཀྱི་སྤྱི་ཚོགས་འཚོ་བ་བརྗོད་བྱ་བྱས་པའི་གློག་བརྙན་བརྩམས་ཆོས་འདིར་གདེང་འཇོག་ཚད་མེད་གནང་། ཁུལ་རིག་གནས་ཅུའི་འགོ་གཙོས་བཤད་རྒྱུར། མི་རིགས་ཀྱི་རིག་གནས་ནི་འཛམ་གླིང་གི་མི་སྤྱི་ལ་དབང་བ་དང་། མི་རིགས་ཀྱི་རིག་གནས་སྔོན་འདོན་དང་གསར་སྤེལ་བྱ་རྒྱུ་ནི་མིག་སྔའི་རིག་གནས་འཕེལ་རྒྱས་ཆེན་པོའི་སྲིད་ཕྱོགས་དང་ཧ་ཅང་མཐུན་པ་ཡིན་གསུངས། དེ་བས་ཕུན་ཚོགས་ཚོགས་པ་མདོ་ལྷོ་གློག་བརྙན་བརྙན་འཕྲིན་རིག་གནས་རྒྱ་ཁྱབ་ཚད་ཡོད་ཀུང་ཟིའི་འབད་འབུངས་ཀྱིས་བོད་ས་གནས་རིག་གནས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་དང་ས་གནས་རིག་གནས་སྔོག་འདོན་དང་ཐོན་ལས་ཅན་དུ་བསྒྱུར་བའི་བྱ་བའི་གྲུབ་འབྲས་ལ་གཟེངས་བསྟོད་ཚད་མེད་གནང་བ་མ་ཟད། མ་འོངས་པར་མུ་མཐུད་དུ་བོད་ས་གནས་ཀྱི་རིག་གནས་གསར་སྤེལ་དང་སྣ་མང་ཕུན་སུམ་ཚོགས་པའི་གློག་བརྙན་གསར་རྩོམ་ཡོང་བའི་རེ་འདུན་དང་སྨོན་འདུན་ཞུས་ཡོད་པ་རེད།


དགེ་སློབ་རྣམས་ཀྱིས་གློག་བརྙན་ལ་གཟིགས་པ།

         ཚོགས་འདུའི་སྟེང་ན་གཞོན་འཁྲབ་ཁྲིད་པ་པད་མ་ཚེ་རིང་གིས་གློག་བརྙན་ཕབ་སྐྲུན་གྱི་རྒྱུད་རིམ་སྐོར་དང་མ་འོངས་པའི་འཆར་ཇུས་ངོ་སྤྲོད་བྱས་པར་ཚོགས་ཁང་ཡོངས་སུ་དགའ་སྤྲོའི་ཐལ་སྒྲས་ཁེངས། ཚོགས་ཐོག་ཏུ་ཁོས་ཏང་གི་མིག་སྔའི་རིག་གནས་འཕེལ་རྒྱས་ཆེན་པོའི་སྲིད་ཇུས་བཟང་བོའི་འོག་རང་གི་མ་ཡུམ་སློབ་གྲྭའི་སློབ་གྲོགས་ཚོས་མི་རིགས་རིག་གནས་གསར་སྐྲུན་དང་རིག་གནས་ཐོན་ལས་ཅན་དུ་བསྒྱུར་བར་ལས་ཀ་སྐྱོང་རྒྱུར་རེ་བ་བཏོན་པ་དང་། གཅེས་པར་འོས་པའི་མ་ཡུམ་སློབ་གྲྭས་ཁོ་ལ་ཡིད་ཆེས་ཆེན་པོས་དཔེ་བཟང་ཅན་གྱི་མཐར་ཕྱིན་སློབ་མ་ཁེ་ལས་བའི་བྱ་དགའ་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གྲྭ་ཆེན་མོ་བའི་ཁེ་ལས་བརྟེན་གཞིའི་སྒོ་བྱང་བཀལ་བར་བཀའ་དྲིན་ཞུས།
         པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་སྟོན་ཁྲོད་བྱ་དགའ་ཐོབ་པའི་གློག་བརྙན་བརྩམས་ཆོས་ཏེ《ཁྱེད་རང་དྲན་པའི་སྟོན་ཁ》ཞེས་པ་འདི་ཀན་ལྷོ་ཁུལ་གཙོས་པའི་ས་གནས་རིམ་པའི་སློབ་གྲྭ་ཁག་ཏུ་སྟོན་བཞིན་ཡོད་ལ། མི་འགྱངས་པར་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་འབུལ་འཆར་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།