logo

《རྨ་ཁ》ཞེས་པའི་བོད་ཀྱི་གློག་བརྙན་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་འགྲེམ་གཏོང་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-15 ཀློག་གྲངས།:

《རྨ་ཁ》ཞེས་པའི་བོད་ཀྱི་གློག་བརྙན་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་འགྲེམ་གཏོང་བྱེད་པ།
《རྨ་ཁ》ཞེས་པའི་བོད་ཀྱི་གློག་བརྙན་གྱི་ཁྱབ་སྒྲོག་པར་རིས།

         རྒྱུས་ལོན་པ་ལྟར་ན། ཟླ11པའི་ཚེས16ཉིན། བོད་ཀྱི་གློག་བརྙན《རྨ་ཁ》ཞེས་པ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་གླིང་ལྷོ་མའི་རིག་ཚན་ཐོག་ཁང་གི་སློབ་ཁང423དུ་འགྲེམ་གཏོང་བྱ་རྒྱུ་ཡིན་ཞིང་། འཁྲབ་ཁྲིད་པ་དང་སྒྲིག་བཟོ་རུ་ཁག་གིས་ཡུལ་དངོས་སུ་གློག་བརྙན་སྒྲིག་བཟོའི་གོ་རིམ་ཡོངས་མཉམ་སྤྱོད་བྱ་ངེས་རེད།


《རྨ་ཁ》ཞེས་པའི་བོད་ཀྱི་གློག་བརྙན།

         《རྨ་ཁ》ཞེས་པའི་བོད་ཀྱི་གློག་བརྙན་འདི་ནི་བོད་རིགས་ན་གཞོན་འཁྲབ་ཁྲིད་པ་བློ་ལྡན་གྱིས་སྒྲིག་ཁྲིད་བྱས་པ་དང་། གློག་བརྙན་ཡོངས་སུ་བོད་ཀྱི་འཚོ་རྣམ་སྟུག་ཅིང་། ལོ་རྒྱུས་ཀྱི་ཚོར་འདུ་ཟབ་པའི་རྩྭ་ཐང་ཕྱུག་འཚོའི་རིག་གནས་མངོན་པར་བཏོད་ཡོད། སྐྱེས་པའི་འཁྲབ་སྟོན་པ་ནི་དེ་སྔའི《དམ་བཅའ》ཞེས་པའི་གློག་བརྙན་ནང་འཁྲབ་སྟོན་བྱས་པའི་སྐར་མ་དབང་ཕྱུག་ཡིན་ལ། བོད་ཀྱི་ན་གཞོན་གླུ་བ་རྟ་མགྲིན་ཚེ་རིང་གིས་གློག་བརྙན་གྱི་བརྗོད་གཞས་བླངས་པ་རེད།


འབྲེལ་ཡོད་འོས་སྦྱོར།