ཉིག་ཡོ་སློབ་ཆེན་གྱིས་པདྨ་ཚེ་བརྟན་གྱི་གློག་བརྙན་ཆེད་དོན་འགྲེམ་གཏོང་དང་བགྲོ་གླེང་གི་བྱེད་སྒོ་བསྡུས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-11-07
ཀློག་གྲངས།:

ཉིག་ཡོ་སློབ་ཆེན་གྱིས་པདྨ་ཚེ་བརྟན་གྱི་གློག་བརྙན་ཆེད་དོན་འགྲེམ་གཏོང་དང་
བགྲོ་གླེང་གི་བྱེད་སྒོ་བསྡུས་པའི་ཡུལ་དངོས་ཀྱི་རྣམ་པ།

ཉིག་ཡོ་སློབ་ཆེན་གྱིས་པདྨ་ཚེ་བརྟན་གྱི་གློག་བརྙན་ཆེད་དོན་འགྲེམ་
གཏོང་དང་བགྲོ་གླེང་གི་བྱེད་སྒོ་བསྡུས།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཨ་རིའི་ཉིག་ཡོ་སློབ་ཆེན་སྒྱུ་རྩལ་གླིང་གློག་བརྙན་རིག་པའི་སྡེ་ཁག་གིས་བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་ཆེད་དོན་འགྲེམ་གཏོང་དང་བགྲོ་གླེང་ཚོགས་འདུའི་བྱེད་སྒོ་བསྡུས་ཤིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཡང་གདན་ཞུ་བྱས་པ་ལྟར་ཡུལ་དངོས་བྱེད་སྒོར་ཞུགས་པ་རེད། དེར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་། རྩྭ་ཐང་། དྲི་མེད་ཀུན་ལྡན་འཚོལ་བ། ཁྱི་རྒན་སོགས་ཁོང་གི་བརྩམས་ཆོས་དུ་མ་འདུས།
འབྲེལ་ཡོད་འོས་སྦྱོར།
