logo

ང་ཡི་བྱ་རྒོད་ཅེས་པའི་གློག་བརྙན་ལ་ཕུལ་བྱུང་སྤྱི་ཕན་གཏམ་རྒྱུད་ཀྱི་བྱ་དགའ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-19 ཀློག་གྲངས།:

ང་ཡི་བྱ་རྒོད་ཅེས་པའི་གློག་བརྙན་ལ་ཕུལ་བྱུང་སྤྱི་ཕན་གཏམ་རྒྱུད་ཀྱི་བྱ་དགའ་ཐོབ།
ང་ཡི་བྱ་རྒོད་ཅེས་པའི་གློག་བརྙན་ལ་ཕུལ་བྱུང་སྤྱི་ཕན་གཏམ་རྒྱུད་ཀྱི་བྱ་དགའ་ཐོབ།

         ཟླ10བའི་ཚེས18ཉིན། འཁྲབ་ཁྲིད་པ་བཀྲ་ཤིས་བཟང་པོ་དང་འབྲུག་སྐྱབས་གཉིས་ཀྱིས་ཕབ་པའི་གློག་བརྙན་ཏེ་ང་ཡི་བྱ་རྒོད་ཅེས་པར2012ལོའི་གཅིག་ཐེབས་རྩའི་སྤྱི་ཕན་གློག་བརྙན་འགྲེམ་སྟོན་གྱི་དུས་ཆེན་དུ་ཕུལ་བྱུང་སྤྱི་ཕན་གཏམ་རྒྱུད་ཀྱི་བྱ་དགའ་ཐོབ། 


ང་ཡི་བྱ་རྒོད་ཅེས་པའི་གློག་བརྙན་ལ་ཐོབ་པའི་བྱ་དགའ་དང་དཔང་ཡིག

         དཔྱད་འདེམ་པས་དཔྱད་འཇོག་བྱས་པ་ལྟར་ན། གློག་བརྙན་འདི་ནི་གཙོ་ཆེར་ཡུལ་དངོས་སུ་བསྐྱོད་དེ་བྱ་རྒོད་ཀྱི་འཚོ་གནས་གནས་ཚུལ་ཟིན་ཐོར་བཀོད་པ་དང་། ཚན་རིག་གི་ལྟ་བ་དང་ཆོས་ལུགས་དད་མོས་མཐུན་སྦྱོར་སྒོས་མི་རྣམས་ལ་ཆེས་ལྷད་མེད་པ་དང་ཡིད་སེམས་རབ་ཏུ་འགུག་པའི་ནུས་ཤུགས་བསྩལ་བ་རེད།
ཟུར་བཀོད།  
         བཀྲ་ཤིས་བཟང་པོ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་དགོན་དུ་འཚོ་བ་རོལ་ཞིང་། བྱ་རྒོད་སྲུང་སྐྱོབ་བྱེད་མཁན་གྱི་མི་སྣ་ཐོག་མའང་ཡིན།  ཁོས་ལོ13སྟེང་ནས་བཟུང་བྱ་དང་བྱེའུ་རིགས་ལ་དུང་ཞེན་སྒོས་བྱ་བྱེའུ་ཡི་མཛེས་རིས་འབྲི་བར་ཤིན་ཏུ་སྤྲོ་ལ། དེའི་སྐོར་གྱི་བརྩམས་ཆོས400ལྷག་འདུས། 2000ལོ་ནས་བཟུང་མཚོ་བོད་མཐོ་སྒང་ས་ཁུལ་གྱི་བྱ་བྱེའུ་ཟིན་ཐོར་འགོད་མགོ་བརྩམས་པ་དང་བྱ་བྱེའུ་རིགས400ལྷག་གསར་རྙེད་བྱུང་། དེ་ལས་མང་ཆེ་བ་ནི་མཚོ་བོད་མཐོ་སྒང་ན་ཧ་ཅང་དཀོན་པའི་རིགས་ཡིན།  2007ལོར་ཁོས་གཉེན་པོ་གཡུ་རྩེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་བཙུགས་ཤིང་། དེ་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱི་སྲུང་སྐྱོབ་ཁུལ18ཀྱི་ཡན་ལག་ཅིག་ཡིན།


འབྲེལ་ཡོད་འོས་སྦྱོར།