logo

པདྨ་ཚེ་བརྟན་གྱི《ཁྱི་རྒན》ལ་བྷུ་རོ་ཁི་ལིན་གློག་བརྙན་དུས་སྟོན་སྟེང་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-12 ཀློག་གྲངས།:

《ཁྱི་རྒན》ལ་བྷུ་རོ་ཁི་ལིན་གློག་བརྙན་དུས་སྟོན་དུ་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ།
《ཁྱི་རྒན》ལ་བྷུ་རོ་ཁི་ལིན་གློག་བརྙན་དུས་སྟོན་དུ་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ།

         ཉེ་ལམ།  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》ལ་ཨ་རི་ཉིག་ཡོ་བྷུ་རོ་ཁི་ལིན་གློག་བརྙན་དུས་སྟོན་སྟེང་ཆེས་ལེགས་པའི་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ།
         2011ལོའི་ལོ་མཇུག་ཏུ་པདྨ་ཚེ་བརྟན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོར《ཁྱི་རྒན》ཞེས་པའི་གློག་བརྙན་ཕབ་བསྐྲུན་བྱས་ཤིང་།  གློག་བརྙན་འདིའི་ནང་དུས་རབས20བའི་ལོ་རབས90ཡི་ལོ་མཇུག་ཏུ་བོད་ཁུལ་གྱི་ས་ཆ་ཆེ་གེ་མོ་ཞིག་ན་བུ་ཡིས་ཨ་ཕའི་གཅེས་སུ་འོས་པའི་ཁྱི་རྒན་དེ་ཁོང་ལ་ཤེས་སུ་མ་བཅུག་པར་ས་གནས་ཀྱི་ཁྱི་ཚོང་བ་ཞིག་ལ་འཚོང་རྒྱུར་ཐག་བཅད་པ་ཨ་ཕས་ཤེས་རྗེས་མྱུར་དུ་རྗེས་དེད་དེ་རང་གིས་ལོ12ལ་གཉོར་སྐྱོང་མཛད་ཅིང་བརྩེ་སེམས་ཆགས་པའི་ཁྱི་རྒན་དེ་ཕྱིར་ལོན་ཐབས་བྱས།  དེ་ནས་བཟུང་ཁྱི་རྒན་དེ་ཁོ་བོས་ནམ་ཡང་སྲུང་སྐྱོབ་བྱེད་ཡུལ་ཉག་ཅིག་ཏུ་གྱུར་ནའང་། དེར་བསྟུད་མར་བསམ་ཡུལ་ལས་འདས་པའི་དོན་དག་རབས་དང་རིམ་པ་བྱུང་། 《ཁྱི་རྒན》ནི་ལྟ་སྤྱོད་གསར་རྙིང་འགལ་ཟླར་གྱུར་བའི་བོད་ཀྱི་སྤྱི་ཚོགས་འཚོ་བའི་འཕེལ་འགྱུར་བརྗོད་པའི་གཏམ་རྒྱུད་གློག་བརྙན་ཞིག་ཡིན།
         《ཁྱི་རྒན》ལ་སྐབས12པའི་ཏུང་ཅིནFilmexརྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཆེས་ལེགས་པའི་གློག་བརྙན་བྱ་དགའ་དང་།  ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཡ་གླིང་གྲངས་འབྲེལ་འགྲན་བསྡུར་དུ་གསེར་གྱི་རྟགས་མ་སོགས་བྱ་དགའ་གང་མང་ཐོབ་མྱོང་།


འབྲེལ་ཡོད་འོས་སྦྱོར།