མཚོ་སྔོན་ཞིང་ཆེན་བོད་ཁུལ་དུ་གློག་བརྙན་འཕྲིན་མཁོ་འདོན་གྱི་མཛད་སྒོ་ཟི་ལིང་དུ་སྤེལ་བ།

མཛད་སྒོར་ཞུགས་པའི་འགོ་ཁྲིད་རྣམ་པ།
ཟླ5བའིཚེས10ཉིན། མཚོ་སྔོན་ཞིང་ཆེན་བོད་ཁུལ་དུ་གློག་བརྙན་འཕྲིན་མཁོ་འདོན་བྱ་འགུལ་གྱི་མཛད་སྒོ་ཟི་ལིང་དུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གློག་བརྙན་འཕྲིན་སྒྲིག་བསྒྱུར་ལྟེ་གནས་ཀྱིས་མཚོ་སྔོན་བོད་ཁུལ་གྱི་ཁུལ་དྲུག་གི་བརྙན་འཕྲིན་ཁང་སོ་སོར་དུས་ཡུན་སྐར3000ཅན་གྱི་ལེའུ50ཡི་གློག་བརྙན་འཕྲིན་ཕུལ་པ་དང་། གློག་བརྙན་འཕྲིན་མཁོ་འདོན་བྱེད་པའི་བྱ་འགུལ་འདིས་མཚོ་སྔོན་ཞིང་ཆེན་བོད་ཁུལ་རྒྱང་བསྒྲགས་གློག་བརྙན་འཕྲིན་གྱི་ཐོན་ཁུངས་དང་གཅིག་གྱུར་གྱི་ལས་དེ་རྒྱུན་བབས་རང་བཞིན་དང་། རྒྱུན་སྲིང་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་ལམ་དུ་ཞུགས་པ་མཚོན། མཚོ་སྔོན་ཞིང་ཆེན་ཞིང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་འགོ་གཙོ་ཅི་ཏེ་མཱ་ཅ་དང་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་ཀྲང་ཅན་མེན་སོགས་འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་མཛད་སྒོར་ཞུགས།

མཛད་སྒོ་ཡུལ་དངོས།
མཚོ་སྔོན་ཞིང་ཆེན་བོད་ཁུལ་རྒྱང་བསྒྲགས་གློག་བརྙན་འཕྲིན་སྤྱིའི་ཞབས་ཞུ་མ་ལག་གི་རྨང་གཞིའི་འཛུགས་སྐྲུན་ཕལ་ཆེར་ལེགས་འགྲུབ་བྱུང་བ་དང་བསྟུན་ཏེ། བོད་ཁུལ་གྱི་ཁུལ་དང་རྫོང་སོ་སོའི་རྒྱང་བསྒྲགས་བརྙན་འཕྲིན་གྱི་ཚད་མི་ལོངས་ཤིང་སྤུས་ཚད་མི་ལེགས་པ་སོགས་ཀྱི་གནད་དོན་ཉིན་རེ་བཞིན་བྱུང་དང་འབྱུང་གིན་ཡོད་ལ། ལོ་འགའི་འབད་བརྩོན་དང་། རྒྱལ་ཁབ་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུའི་གཟིགས་རྟོག་དང་ཐུགས་ཁུར་འོག བོད་ལྗོངས་དང་ཤིན་ཅང་གི་རྗེས་སུ་མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཅུས་གློག་བརྙན་འཕྲིན2000ལྷག་རིན་མེད་འདོན་སྤྲོད་སྒོས་རྒྱབ་སྐྱོར་གནང་། འདིས་བོད་ཁུལ་གྱི་གློག་བརྙན་འཕྲིན་མཁོ་འདོན་བྱ་བར་རྨང་གཞི་སྲ་བརྟན་བཏང་།
མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཁུལ་དྲུག་ལ་གློག་བརྙན་འཕྲིན་ཕུལ་པའི་བྱ་འགུལ་འདིས་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་སོ་སོའི་གློག་བརྙན་འཕྲིན་གྱི་ཐོན་ཁུངས་ཆ་མི་ཚང་བའི་གནད་དོན་ཐད་ཐོག་མའི་སྟེགས་བུ་ཞིག་བསྐྲུན་ལ། ཕན་ལྡན་སྒོས་གློག་བརྙན་འཕྲིན་སྒྲིག་གཏོང་ལས་ཁུངས་ཀྱི་སྒྲིག་གཏོང་དོ་དམ་དང་ལས་རིགས་སྒྲིག་ཁྲིམས་ཚད་ལྡན་གཏོང་ཤུགས་ཆེར་བསྐྱེད་ཅིང་། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གློག་བརྙན་འཕྲིན་མཁོ་འདོན་ལྟེ་གནས་འཛུགས་པར་རྨང་གཞི་བརྟན་པོ་བཏིངས།
