logo

པདྨ་ཚེ་བརྟན་དེང་གི་ཆེས་ལེགས་པའི་ལོ50མན་གྱི་འཁྲབ་ཁྲིད་པ50ཡི་མིང་ཐོར་ཚུད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-14 ཀློག་གྲངས།:


སྐབས་ལྔ་བཅུ་བའི་གློག་བརྙན་དུས་དེབCinema Scope།

         ཁ་ན་ཏའི་མིང་གྲགས་གློག་བརྙན་དུས་དེབCinema Scopeསྐབས50སྟེང་ཆེས་ལེགས་པའི་ལོ50མན་གྱི་འཁྲབ་ཁྲིད་པ50ཡི་མིང་ཐོ་བཀོད་ཡོད་ཅིང་།  དེའི་ནང་བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཡང་ཚུད་ཡོད་པ་རེད།
         པདྨ་ཚེ་བརྟན་ནི་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་དང་། པེ་ཅིང་གློག་བརྙན་སློབ་གླིང་རྩོམ་རིག་སྡེ་ཁག    པེ་ཅིང་གློག་བརྙན་སློབ་གླིང་འཁྲབ་ཁྲིད་སྡེ་ཁག་སོགས་ནས་མཐར་ཕྱིན་ཞིང་།  ད་ལྟ་ཀྲུང་གོའི་འཁྲབ་ཁྲིད་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གློག་བརྙན་པའི་མཐུན་ཚོགས་ཀྱི་ཚོགས་མི།  ཀྲུང་གོའི་གློག་བརྙན་རྩོམ་རིག་ཚོགས་པའི་ཚོགས་མི་བཅས་ཡིན་པ་མ་ཟད། ཀྲུང་གོའི་འཁྲབ་ཁྲིད་མཐུན་ཚོགས་ལག་བསྟར་ཨུ་ཡོན་གྱི་གྲས་ཤིག་ཀྱང་ཡིན།


བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན།

         བོད་ཀྱི་བརྩམས་སྒྲུང་གཅེས་བསྡུས《བསླུ་བྲིད》དང་། རྒྱ་ཡིག་བརྩམས་སྒྲུང་གཅེས་བསྡུས《གླུ་བ་འཁྱམས་པོའི་རྨི་ལམ》། 《བླ་ཆེན་བོད་ལྗོངས་ན་ཡོད་པ》། དེ་མིན་བསྒྱུར་ཡིག་རིང་མོ《རོ་སྒྲུང》སོགས་བརྩམས་ཆོས་མང་པོ་པར་བསྐྲུན་བྱས་ཡོད་ཅིང་།  བརྩམས་ཆོས་མི་ཉུང་བ་ད་དུང་གཞན་གྱིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱི་སྐད་དུ་བསྒྱུར་ནས་ཕྱི་རྒྱལ་དུ་བཀྲམ་ཡོད་པ་རེད།
         ཁོའི་མཚོན་བྱེད་གློག་བརྙན་བརྩམས་ཆོས་ལ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང་། 《དྲི་མེད་ཀུན་ལྡན་འཚོལ་བ》། 《ཁྱི་རྒན》བཅས་ཡིན།


འབྲེལ་ཡོད་འོས་སྦྱོར།