logo

གློག་བརྙན《སྨུག་པ》ཞེས་པ་མི་འགྱངས་པར་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-09 ཀློག་གྲངས།:


《སྨུག་པ》ཡི་འགྲེམ་སྤེལ་པར་རིས།

  ཉེ་ལམ་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་བན་ཤུལ་བསོད་ནམས་འབུམ་སྐྱབས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། བོད་ཀྱི་འཁྲབ་སྟོན་པ་གྲགས་ཅན་སོག་ཕྲུག་ཤེས་རབ་དང་། མགོ་ལོག་སྒྲོལ་མ་སྐྱིད། མཚོ་སྔོན་སྒྱུ་རྩལ་གླིང་གི་སློབ་མ་རབ་བརྟན་ཡག་དང་འབྲུག་མོ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན《སྨུག་པ》ཞེས་པ་བདེ་བླག་ངང་ཕབ་སྐྲུན་བྱས་ཚར་བས་མི་འགྱངས་བར་རྒྱ་ཆེ་བའི་ལྟ་མཁན་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།


བརྙན་ཕབ་ཚན་ཆུང་གིས་གློག་བརྙན《སྨུག་པ》ཕབ་སྐྲུན་བྱེད་བཞིན་པ།

  གློག་བརྙན་འདིས་སློབ་གྲྭ་ནས་མཐར་ཕྱིན་མ་ཐུབ་པའི་བོད་ཀྱི་སློབ་ཆེན་སློབ་མ་ཞིག་གི་ལས་དབང་དང་། གཞུང་རྒྱུད་མདའ་ལྟར་དྲང་བའི་བོད་རིགས་བུ་མོ་ཞིག་གིས་འཚོ་བར་བཅངས་པའི་རེ་སྙེག   དེར་མ་ཟད་འཚོ་བའི་ཉམས་མྱོང་གིས་ཕྱུག་ཅིང་མི་ཚེའི་བརྒྱུད་རིམ་ཁྲོད་ཞུན་བརྡར་ཐོབ་པའི་རྒན་པོ་ཞིག་གིས་ཚེ་སྲོག་ལ་བཅངས་པའི་བསམ་པའི་འཁྱེར་སོ་བཅས་ཀྱི་བརྗོད་གཞི་ཕྲེང་ཐག་གཅིག་ལ་བསྟར་བ་ཇི་བཞིན་བྱུང་བ་རིམ་གྱིས་བརྗོད་ཡོད་ཅིང་། གློག་བརྙན་འདིས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་བརྗོད་པ་སྲོག་ཤིང་དུ་བཟུང་སྟེ་དེང་དུས་སྤྱི་ཚོགས་སྣང་ཚུལ་གྱི་ཟུར་ཞིག་བརྗོད་ཡོད་པ་རེད།


གློག་བརྙན《སྨུག་པ》ཕབ་སྐྲུན་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།