《དཔའ་རིས་དཀར་པོ 》ཞེས་པའི་གྲངས་འཛིན་གློག་བརྙན་དཔའ་རིས་སུ་བརྙན་ཕབ་བྱས་ཚར་བ།

《དཔའ་རིས་དཀར་པོ 》 ཞེས་པའི་གྲངས་འཛིན་གློག་བརྙན་ཕབ་སྐྲུན་བྱེད་བཞིན་པ།
《དཔའ་རིས་དཀར་པོ 》 ཞེས་པའི་གྲངས་འཛིན་གློག་བརྙན་ཕབ་སྐྲུན་བྱེད་བཞིན་པ།
《དཔའ་རིས་དཀར་པོ 》 ཞེས་པའི་གྲངས་འཛིན་གློག་བརྙན་འདི་ནི་དཔའ་རིས་བོད་དཀར་པོ་ཡུལ་གྱི་རྟ་བ་མི་རབས་གཉིས་ཀྱིས་རྟ་འདོ་བ་དང་འབྲེལ་བའི་གཏམ་རྒྱུད་བརྗོད་བྱར་བཟུང་བའི་བོད་སྐད་ཀྱི་གྲངས་འཛིན་གློག་བརྙན་ཐོག་མ་ཞིག་ཡིན། ཟློས་གར་གྱི་ནང་གི་ཨ་ཁུ་བསྟན་འཛིན་ནི་དཔའ་རིས་རྩྭ་ཐང་གི་རྟ་བ་ཕུལ་བྱུང་ཅན་ཞིག་ཡིན་ལ། རྟ་རྒྱུག་འགྲན་ཚོགས་ཐོག་བྱ་དགའ་མང་བོ་བླངས་མྱོང་། ཁོའི་རེ་བ་ལྟར་ན་ཁོའི་བུ་དཔའ་ཕྱུག་ཀྱང་རང་ཉིད་ལྟ་བུར་རྟ་ལ་དགའ་བའི་རྟ་བ་ཞིག་བྱེད་ན་བཟང་བསམ། འོན་ཀྱང་དུས་རབས་ཀྱི་འཕོ་འགྱུར་ལས་མའོ་ཐའོ་འཁོར་ལོ་རྩྭ་ཐང་དུ་ཇེ་མང་དང་རྟ་མཆོག་ཇེ་ཉུང་དུ་གྱུར་ནས་ལོ་རེར་འཚོགས་པའི་རྟ་རྒྱུག་འགྲན་ཚོགས་ཀྱང་རེ་ཞིག་རྒྱུན་ཆད་ལ་ཁད་ཡོད། དེར་བརྟེན་ཁོའི་བུ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་། ཕྱིས་སུ་རྟ་རྒྱུག་འགྲན་ཚོགས་རིམ་བཞིན་དུ་སྤེལ་བས་ཁོ་ཕ་བུ་གཉིས་ཀྱིས་ཡང་བསྐྱར་རེ་བའི་ཉི་འོད་མཐོང་། གྲངས་འཛིན་གློག་བརྙན་འདི་དཔའ་རིས་རྫོང་གི་བཀྲ་ཤིས་ཕྱུག་ལུང་རྩྭ་ཐང་དང་སྟག་ལུང་། ཡར་ལུང་སོགས་ས་ཆར་བསྟུད་མར་ཟླ་བ་གཅིག་གི་རིང་ལ་བརྙན་ཕབ་བྱས། གློག་བརྙན་འདི་ལྟ་བུ་ཞིག་ཕབ་པ་ནི་དཔའ་རིས་རྫོང་ལ་མཚོན་ན་ཕྱིར་དྲིལ་བསྒྲགས་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད། རྒྱུས་ལོན་པར་ལྟར་ན། གློག་བརྙན་འདི་ད་ལོའི་ལོ་མཇུག་ཏུ་ལྟ་མཁན་རྣམ་པའི་སྤྱན་ལམ་དུ་ཕུལ་ཐུབ་པ་རེད།
