བོད་སྐད་གློག་བརྙན《བོར་ཟིན་པའི་སྦྲ་ནག》ཅེས་པ་བརྙན་ཕབ་བྱེད་འགོ་བརྩམས་པ།
རྩོམ་པ་པོ།:རྨི་འཕྲུལ།
ཡོང་ཁུངས།:བོད་ཀྱི་རྩོམ་རིག་དྲ་བ།
དུས་ཚོད།:2011-08-01
ཀློག་གྲངས།:
བོར་ཟིན་པའི་སྦྲ་ནག
བོད་ཀྱི་ན་གཞོན་རྩོམ་པ་བོ་ལྡོང་ཕྲུག་གིས་འཁྲབ་ཁྲིད་བྱས་ཤིང་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་སློབ་སྐོར་ཞིག་གིས་འཁྲབ་སྟོན་བྱས་པའི་བོད་འབྲོག་པའི་འཚོ་བ་དང་ཉམས་ཉེན་མཚོན་པའི་གློག་བརྙན《བོར་ཟིན་པའི་སྦྲ་ནག》ཅེས་པ་ཉེ་ཆར་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས། མགོ་མང་གྲོང་རྡལ་འབྲོག་རུ་སྡེ་བ། གླང་ཆེན་རྫ་འདབས། མགོ་མང་གྲོང་རྡལ། བྱེ་སྣ་སོགས་ནས་འཁྲབ་སྟོན་དང་བརྙན་ཕབ་བྱེད་འགོ་བརྩམས།
གློག་བརྙན་འདི་ལས་སྐྱེ་ཁམས་གནས་སྤོ་དང་འབྲོག་སྡེ་གྲོང་རྡལ་ཅན་དུ་སྒྱུར་བའི་སྲིད་ཇུས་ཀྱི་མཐོ་རླབས་ཁྲོད་ནས་སྦྲ་ནག་གིས་མཚོན་པའི་རྩྭ་ཐང་གི་རིག་གནས་ཉམས་རྒུད་དུ་འགྲོ་བའི་སྣང་ཚུལ་གསལ་རྗེན་དུ་མཚོན་ཡོད།
འབྲེལ་ཡོད་འོས་སྦྱོར།