གདུགས་དཀར་ཚེ་རིང་གི《བྱམས་ཆེན་གནམ་དུ་གྱེར་བ》ཞེས་པ་ཀོང་ཀྲིག་ཏུ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།

གདུགས་དཀར་ཚེ་རིང་དང་འཁྲབ་ཁྲིད་པ་ལིའུ་ཆོན་ཝེ།
ཉེ་དུས། གདུགས་དཀར་ཚེ་རིང་གིས་སྒྲ་ཕབ་ཀྱི་ལས་འགན་འཁུར་བའི་གློག་བརྙན《བྱམས་ཆེན་གནམ་དུ་གྱེར་བ》ཞེས་པ་དེ་ཀོང་ཀྲིག་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་ཞིང་། འདི་ནི་ན་གཞོན་འཁྲབ་ཁྲིད་པ་ལིའུ་ཆོན་ཝེ་ཡིས་འཁྲབ་ཁྲིད་བྱས་ཤིང་། ནང་དོན་གཙོ་བོ་མ་ཡུམ་གྱི་བྱམས་བརྩེ་བརྗོད་པའི་གློག་བརྙན་གཏམ་རྒྱུད་ཅིག་ཡིན།

ཕབ་སྐྲུན་བྱེད་པའི་ཡུལ་དངོས།
གདུགས་དཀར་ཚེ་རིང་ནི་གློག་བརྙན་སྒྲ་ཕབ་བྱེད་པའི་བོད་རིགས་ན་གཞོན་ཐོག་མ་ཡིན་ཞིང་། སྐྱེ་ཁུངས་ཨ་མདོ་ནས་ཡིན་ལ། སྔ་གཞུག་ཏུ་པེ་ཅིང་གློག་བརྙན་སྒྲ་ཕབ་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་སློབ་གླིང་དུ་སློབ་སྦྱོང་བྱས་མྱོང་།
2000ལོ་ནས་བཟུང་གླུ་གཞས་གསར་རྩོམ་དང་སྒྲིག་སྦྱོར་གྱི་ལས་ལ་ཞུགས་ཤིང་། 《ཕ་ཡུལ》སོགས་གཞས20ལྷག་སྙན་འཇེབས་ཀྱི་དབྱངས་ལ་དྲངས་མྱོང་བར་མ་ཟད། དུས་རབས21པའི་སློབ་རའི་ཕུལ་བྱུང་གླུ་བ་སོགས་ཀྱི་རྟགས་མའང་བླངས་མྱོང་། ཁོམ་གསེང་གི་སྐབས་སུ་དྲ་རྒྱ་དང་ཆེད་ལས་གླུ་གཞས་དུས་དེབ་ཁང་ལ་གླུུ་གཞས་རྩོམ་བཞིན་ཡོད་པ་དང་། ད་ལྟ་གླུ་གཞས་སྒྲིག་སྦྱོར་དང་གློག་བརྙན་སྒྲ་ཕབ་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད།
