གློག་བརྙན་《བོད་ཁྱི་རྡོ་རྗེ་》ཞེས་པ་ཟླ6ཚེས28ཉིན་སྟོན་རྒྱུ་ཡིན་པ།
འགུལ་རིས་གློག་བརྙན《བོད་ཁྱི་རྡོ་རྗེའི་》ནང་གི་བོད་ཁྱི་རྡོ་རྗེ།
འཇར་པན་གྱི་འགུལ་རིས་གློག་བརྙན་མཁན་པོ་གསུམ་ཏེ་ཝན་ཧྲན་ཀྲེང་ཞུང་དང་ཞའོ་ཏའོ་ཀྲེང་ཞིང་། ཕུའུ་ཙེ་ཀྲི་ཧྲུའུ་གསུམ་གྱིས་མཉམ་དུ་བརྩམས་སྒྲུང་གྲགས་ཅན《བོད་ཁྱི》བཅོས་སྒྲིག་བྱས་ནས་བཟོས་པའི་ཉེན་མཆོང་འགུལ་རིས་གློག་བརྙན《བོད་ཁྱི་རྡོ་རྗེ》ཞེས་པ་ཟླ6པའི་ཚེས28ཉིན་དངོས་སུ་སྟོན་རྒྱུ་རེད།
གློག་བརྙན་དུ་བོད་ཁྱིའི་གཞུང་དྲང་གི་གཤིས་རྒྱུད་དང་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྟན་ཡོད་པ་མ་ཟད། བོད་རིགས་མི་དམངས་ཀྱི་བྱམས་དང་སྙིང་རྗེ་གཞི་བྱས་ནས་གཏམ་རྒྱུད་བརྗོད་ཅིང་། བོད་མིའི་གཞུང་དྲང་བབ་ཆགས་ཡིན་པའི་མི་སྣའི་སྣང་བརྙན་མང་པོ་བཞེངས་སྐྲུན་བྱས་ཡོད།
གཞུང་རྒྱུད་དྲང་ཞིང་བྱམས་སེམས་ཆེ་བའི་བོད་མིའི་མི་གཤིས་བཟང་བོ་མཚོན་པ།
འཁྲབ་ཁྲིད་པས་གློག་བརྙན་ཁྲོད་དུ་མེ་ཏོག་ལྷ་མོ་དང་རྒན་རབས་པ་ཐི་ལིན་སོགས་དྲང་ཕྱོགས་མི་སྣ་བཞེངས་སྐྲུན་བྱས་ནས་བོད་མིའི་གཞུང་དྲང་གི་གཤིས་ཀ་གང་ལེགས་ངང་མཚོན་ཡོད་པ་སྟེ། ཝན་ཧྲན་ཀྲེང་ཞུང་གིས་“ངས་གང་ཐུབ་སྒོས་རྩྭ་ཐང་མི་དམངས་ཀྱི་གཤིས་ཀ་དངོས་མཚོན་པ་ཡིན་ཏེ། ཁོ་ཚོ་ནི་དེ་འདྲའི་གཞུང་དྲང་བབ་ཆགས་ཤིག་རེད་ལ། བྱམས་སེམས་ཆེ་ཞིང་བབ་ཆགས་ཡིན་པའི་གཤིས་ཀས་ངང་ངམ་ཤུགས་ཀྱིས་ཁྱེད་ལ་ཡིད་འགུལ་དང་ཤུགས་རྐྱེན་ཐེབས་སྲིད་ཅིང་། ཁོ་ཚོ་དང་ལྷན་དུ་ཡོད་དུས་ཁྱེད་ལ་རང་བྱུང་ཁམས་དང་ཉེ་བར་བཅར་ཞིང་དཔྱིད་རླུང་ཁྲོད་གནས་པའི་ཚོར་སྣང་སྟེར་སྲིད” ཅེས་བཤད།
ཕྱོགས་མང་པོ་ནས་མི་སྣ་ཆུང་བ་མང་པོའི་སྣང་བརྙན་བཞེངས་སྐྲུན་བྱས་པ།
གློག་བརྙན་འདིའི་ཁྲོད་དུ་འཁྲབ་བྱའི་མི་སྣའི་སྣང་བརྙན་ཆིག་རྐྱང་ཅན་དུ་གྱུར་ནས་གློག་བརྙན་གྱི་བདེན་པའི་རང་བཞིན་མེད་པར་མི་འགྱུར་སླད། གློག་བརྙན་སྒྲིག་བཟོ་བ་ཚོས་ཆེད་དུ་མི་སྣ་ཆུང་གྲས་འགའ་བཀོད་སྒྲིག་བྱས་ཡོད་ཅིང་། མི་སྣ་ཆུང་གྲས་ཀྱི་སྣང་བརྙན་བརྒྱུད་ནས་རྩྭ་ཐང་མི་དམངས་ཀྱི་འཚོ་བ་དང་གོམས་སྲོལ་མཚོན་ཞིང་། དེ་ཡང་འཁྲབ་ཁྲིད་པས་མཚམས་སྦྱོར་བྱས་པ་ལྟར།“མི་སྣ་ཆུང་གྲས་ནི་ང་ཚོའི་འཚོ་བའི་ཁྲོད་ཡོད་སྲིད་ལ་མི་སྣ་ཆུང་གྲས་ཁོ་ནས་དོན་དངོས་ཀྱི་གནས་ཚུལ་འགའ་ཤས་སྟོན་ཐུབ་པ་མ་ཟད། མི་སྣ་ཆུང་གྲས་ཁོ་ནར་ཟུར་སྣེ་མི་འདྲ་བ་མང་པོ་ནས་སྣང་བརྙན་བཞེངས་སྐྲུན་བྱས་ཆོག་སྟེ། ཁོ་ཚོ་ནི་དགོད་བྲོ་བོ་དང་སྙིང་རྗེ་པོ་གང་ཡང་ཡིན་ཆོག་པ་དང་ཁོ་ཚོའི་འགྱུར་ལྡོག་མང་བའི་རང་བཞིན་གྱིས་ལྟད་མོ་བ་རྣམས་ལ་མཉམ་འུར་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་ཐུབ་ལ། ལྟད་མོ་བས་ཁོ་ཚོའི་སྟེང་ནས་གནས་ཚུལ་གཞན་པ་མང་པོ་མཐོང་ཐུབ།” དེ་བས་ང་ཚོས་དགོད་སློང་ཞིང་སྙིང་རྗེ་བའི་ཨ་མ་ལགས་དང་གླེན་ཚུགས་ཆེ་བའི་ནོར་བུ་མཐོང་བ་ཡིན་ལ། ཁོ་ཚོའི་ལུས་སྟེང་ནས་ང་ཚོས་རྩྭ་ཐང་གི་མི་རྣམས་ཀྱི་རུས་རྐང་དུ་ཟུག་པའི་དྲང་བདེན་སྐྱོང་བའི་གཤིས་ཀ་མཐོང་ཐུབ་པ་དང་། འཁྲབ་ཁྲིད་པ་ཚོས་དཀའ་ཚེགས་ལ་མ་འཛེམས་པར་ང་ཚོར་མི་སྣའི་སྣང་བརྙན་མང་པོ་ཞིག་གསལ་སྟོན་མཛད་ཡོད་ལ་བོད་མི་རིགས་ཀྱི་བབ་ཆགས་པའི་གཤིས་ཀའང་གློག་བརྙན་ལས་ཕྱིར་མངོན་པར་བྱས་ཡོད།