༄༅།།གསར་བརྩམས་བོད་སྐད་བརྙན་འཕྲིན་ཟློས་གར《ནར་སོན་གྱི་ལོ་ཟླ》དངོས་གཏོང་སྔོན་བརྡ། 

རྩོམ་པ་པོ།:མི་གསལ། དུས་ཚོད།:2020-06-15 ཀློག་གྲངས།:
ལེའུ་དྲུག་ཅན་གྱི་བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར《ནར་སོན་གྱི་ལོ་ཟླ》།
བོད་སྐད་བརྙན་འཕྲིན་ཟློས་གར《ནར་སོན་གྱི་ལོ་ཟླ》ཕབ་སྐྲུན་གྱི་མགོ་བརྩམས་པ།
མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་མཛུབ་སྟོན་དང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་རི་དཀར་པོ་གློག་བརྙན་འཕྲིན་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་ཟི། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ་བཅས་ཀྱིས་མཉམ་འབྲེལ་ཕབ་སྐྲུན་བྱས་ཤིང་། མཚོ་ནུབ་བརྙན་འཕྲིན་ཁང་གི་སྒྲིག་ཁྲིད་པའམ་གཞོན་སྐྱེས་འཁྲབ་ཁྲིད་པ་རྐ་ཕུག་བསོད་རྡོ་ལགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་ཀྱི་འགན་བཞེས་པའི་ལེའུ་དྲུག་ཅན་གྱི་བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར《ནར་སོན་གྱི་ལོ་ཟླ》ཞེས་པའི་མཇུག་གི་སྒྲིག་སྦྱོར་དང་ཞིབ་བཤེར་འགྲོ་ལུགས་བྱ་བ་ཡོངས་སུ་ཚགས་ནས། ཟླ་འདིའི་ཚེས17ཉིན་གྱི་དགོང་མོར་ཨ་མདོ་བརྙན་འཕྲིན་གྱི་འཁོར་སྐར་འཕྲིན་ལམ་བརྒྱུད་དེ་རྒྱལ་ཡོངས་སུ་ཐོག་གཏོང་བྱེད་རྒྱུ་ཡིན་ལ། དུས་མཚུངས་སུ། འབྲེལ་ཡོད་གཞུང་ཕྱོགས་དྲ་ཚིགས་དང་སྤྱི་སྟེགས་སོགས་སུ་བརྒྱུད་གཏོང་བྱེད་རྒྱུ་རེད། 
ཕབ་སྐྲུན་བྱེད་པའི་ཡུལ་དངོས་ཀྱི་རྣམ་པ།
ཕབ་སྐྲུན་བྱེད་པའི་ཡུལ་དངོས་ཀྱི་རྣམ་པ།
བརྙན་འཕྲིན་ཟློས་གར་འདི་ནི2020ལོར། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ནས་ཞིབ་བཤེར་བྱས་ཏེ་ཆོག་མཆན་ལག་རྟགས་ཆ་ཚང་ཐོབ་པའི་རྒྱལ་ཡོངས་ཀྱི་སྐབས་ཐོག་མའི་བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཡིན་ལ། བཅིངས་འགྲོལ་བྱས་པའི་ཚུན་ལ། བོད་ཁུལ་གྱི་བོད་སྐད་མུ་འབྲེལ་བརྙན་འཕྲིན་ཟློས་གར་གྱི་ལོ་རྒྱུས་སྟེང་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ནས་ཞིབ་བཤེར་ཆོག་མཆན་འོག འགྲོ་ལུགས་ལག་རྟགས་ཆ་ཚང་ཐོབ་པའི་གསར་རྩོམ་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཡིན་ཞིང་། འདི་ནི་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དུས་རབས་གསར་བར་བསམ་བློ་གསར་བ་གླེང་ཏེ། དུས་རབས་གསར་བའི་ནང་སྤུས་ལེགས་བརྩམས་ཆོས་གསར་རྩོམ་བྱ་བའི་ཐད་ཡང་བསྐྱར་གཡུར་ཟའི་གྲུབ་འབྲས་བླངས་པ་རེད། 
ཕབ་སྐྲུན་བྱེད་པའི་ཡུལ་དངོས་ཀྱི་རྣམ་པ།
ཕབ་སྐྲུན་བྱེད་པའི་ཡུལ་དངོས་ཀྱི་རྣམ་པ།
ཕབ་སྐྲུན་བྱེད་པའི་ཡུལ་དངོས་ཀྱི་རྣམ་པ།
རྒྱུས་ལོན་པ་ལྟར་ན། 《ནར་སོན་གྱི་ལོ་ཟླ》ནི་སྤྱི་ལོ2015ལོར་ཕབ་སྐྲུན་བྱས་ནས་ད་བར་དུ། དུས་ཡུན་ལོ་ངོ5ལྷག་ཙམ་གྱི་རིང་ལ། གསར་རྩོམ་མི་སྣས་ལོ་ཟླ་མང་པོའི་དཀའ་སྤྱད་ལས། མཇུག་གི་སྒྲིག་སྦྱོར་དང་ཞིབ་ལས། ཞུ་དག  གོང་རིམ་ལས་ཁུངས་དང་ཆེད་མཁས་པས་ཞིབ་བཤེར་སོགས་ཀྱི་འགྲོ་ལུགས་རབ་དང་རིམ་པ་བརྒྱུད་མཐར། ད་ལོར་དངོས་སུ་ལྟ་མཁན་ཀུན་གྱི་སྤྱན་སྔར་དབུལ་ཐུབ་པ་བྱུང་བ་ཡིན་ལ། བརྙན་འཕྲིན་ཟློས་གར་འདི་ནི་སྐུ་ཞབས་བསོད་རྡོ་ལགས་ཀྱིས་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་གཞིགས་ཏེ། བོད་ཡུལ་གྱི་ཁ་ཚ་དགོས་གཏུགས་དང་དགོས་མཁོ་མཚོན་པའི་སྲོལ་རྒྱུན་རིག་གནས་ཀྱི་གནས་བབ་དང་མི་ལུས་བདེ་ཐང་གི་སྐྱོ་ངལ། རིག་གནས་སློབ་གསོའི་རིན་ཐང་སོགས་བརྗོད་པའི་སྤྱི་ཕན་བརྩམས་ཆོས《མཐར་མཇུག་གི་སྦྲ་ནག》དང《སྐྱིད་སྡུག་གི་ལོ་ཟླ》གཉིས་གསར་རྩོམ་བྱས་རྗེས་ཀྱི་བརྩམས་ཆོས་ཆེ་གྲས་གསུམ་པ་ཡིན།
ཕབ་སྐྲུན་རུ་ཁག
མཚོ་ནུབ་བརྙན་འཕྲིན་ཁང་གི་སྒྲིག་ཁྲིད་པའམ་གཞོན་སྐྱེས་འཁྲབ་ཁྲིད་པ་རྐ་ཕུག་བསོད་རྡོ་ལགས།
ཕབ་སྐྲུན་ཡུལ་དངོས་ཀྱི་རྣམ་པ།
མུ་འབྲེལ་བརྙན་འཕྲིན་ཟློས《ནར་སོན་གྱི་ལོ་ཟླ》ཡི་ནང་དུ་མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་གྱི་བྱ་གཞག་སྟེ། མིའི་རིགས་ངེས་པར་དུ་བརྒྱུད་དགོས་པའི་སློབ་གསོའི་ཁོར་ཡུག་གསུམ་གྱི་མི་ཚེའི་འགྲུལ་བཞུད་ཁྲོད། རང་ས་རང་ཡུལ་ལས། སློབ་གསོའི་ཁོར་ཡུག་གང་ཞིག་གིས་ང་ཚོའི་ནར་སོན་གྱི་ལོ་ཟླ་ལ་གཙེས་པའི་སྐྱོ་གར་དང་། ཕུགས་འདུན་ལམ་ཁའི་ཁྲོད་འཕྲད་པའི་མངར་སྐྱུར་ཚ་གསུམ་གྱི་གཏམ་རྒྱུད་བརྗོད་ཡོད།
འབྲེལ་ཡོད་འོས་སྦྱོར།