logo

༄༅།།གློག་བརྙན་བརྩམས་ཆོས《རླུང》ཞེས་པ་ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཉེར་ལྔའི་གཟིགས་འགྲེམ་སྡེ་ཚན་དུ་ཚུད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:པདྨ་ཚེ་བརྟན་གྱི་འཕྲིན་སྟེགས། དུས་ཚོད།:2020-09-15 ཀློག་གྲངས།:
རྒྱུས་ལོན་པ་ལྟར་ན། ཉེ་ལམ་བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་རྟ་མགྲིན་དབང་རྒྱལ་ལགས་ཀྱི་གློག་བརྙན་བརྩམས་ཆོས《རླུང》ཞེས་པ་ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རེབ་ཉེར་ལྔ་བའི་གཟིགས་འགྲེམ་སྡེ་ཚན་དུ་ཚུད་ཅིང་།  འདི་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་རྗེས་སུ་གློག་བརྙན་དུས་ཆེན་འདིར་ཚུད་པའི་བོད་ཀྱི་གློག་བརྙན་ཞིག་ཡིན།
གློག་བརྙན་འདི་ནི་རྩོམ་པ་པོ་ཨ་ལེ་ལགས་ཀྱི་སྒྲུང་གཏམ《གཞོན་ནུ་དགེ་ལེགས》ཞེས་པ་འཁྲབ་གཞུང་དུ་བཅོས་བསྒྱུར་བྱས་ནས་བཟོས་པ་དང་། གློག་བརྙན་འདི་ལ་དེ་སྔ་རེབ་ཉེར་བདུན་པའི་གསེར་གྱི་བྱ་ཕོ་རྟགས་མའི་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱའི་སྡེ་ཚན་དུ་འཁྲབ་གཞུང་གསར་འདོན་གྱི་བྱ་དགའ་ཐོབ་མྱོང་པ་ཞིག་རེད། 
རྒྱུས་ལོན་བྱུང་བ་ལྟར་ན། འཁྲབ་ཁྲིད་རྟ་མགྲིན་དབང་རྒྱལ་གྱིས་དེ་སྔོན་སྒྲུང་གཏམ་གྱི་མ་རྩོམ་རྩོམ་པ་པོ་ཨ་ལེ་དང་མཉམ་དུ་གློག་བརྙན་འཁྲབ་གཞུང་སྐོར་ལ་གྲོས་བསྡུར་དང་། བསམ་འཆར་སོགས་བསྡུ་ལེན་བྱས་ཏེ་ད་བཟོད་གློག་བརྙན་འདི་བརྙན་ཡོལ་ངོས་སུ་བསྐྱལ་རྒྱུའི་འཆར་གཞི་བཟོས་པ་ཞིག་རེད།
འདི་ནི་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་བརྩམས་ཆོས་རིང་གྲས་ཐོག་མ་རུ་ཆགས་འདུག་ཏེ། གློག་བརྙ་འདིའི་ནང་དུ་སྲོལ་རྒྱུན་རིག་གནས་ཀྱི་མཐོང་ཚོར་ཁྲོད་ཚེ་སྲོག་གི་ཤུལ་རྗེས་གསར་པ་ཞིག་རྒྱ་སྐྱེད་བྱས་ཏེ། བོད་མིའི་ཡུལ་སྲོལ་གོམས་གཤིས་གང་ཞིག་དང་འབྲེལ་ནས་བུད་མེད་ཚོའི་ཡོངས་ཁྱབ་རང་བཞིན་གྱི་དཀའ་གནད་ཅིག་མཚོན་པར་བྱས་ཡོད་པ་ཞིག་རེད།
འབྲེལ་ཡོད་འོས་སྦྱོར།