logo

༄༅།།བོད་ཀྱི་གར་སྟེགས་ཟློས་གར་ཆེན་མོ《ཤན་འདན་སྟག་སེང་ཁ་སྤྲོད》མི་འགྱངས་པར་འཁྲབ་སྦྱོང་བྱ་རྒྱུ་རེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་ཁུལ་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2020-10-20 ཀློག་གྲངས།:
2020ལོའི་ཟླ10པའི་ཚེས17ཉིན་བོད་ཀྱི་གར་སྟེགས་ཟློས་གར་ཆེན་མོ《ཤན་འདན་སྟག་སེང་ཁ་སྤྲོད》ཀྱི་གསར་རྩོམ་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།  ཐེངས་འདིའི《ཤན་འདན་སྟག་སེང་ཁ་སྤྲོད》ཀྱི་འཁྲབ་གཞུང་རྩོམ་པ་པོ་ཞི་བདེ་ཉི་མ་དང་སྤྱིའི་འཁྲབ་ཁྲིད་པ་སྒྲོལ་མ་སྐྱབས། དབྱངས་རྩོམ་པ་པོ་གསང་བདག གར་སྟེགས་མཛེས་རིས་ཇུས་འགོད་པ་རིག་ལྡན་རྒྱ་མཚོ་སོགས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།
བོད་ཀྱི་གར་སྟེགས་ཟློས་གར་ཆེན་མོ《ཤན་འདན་སྟག་སེང་ཁ་སྤྲོད》ཀྱི་འཁྲབ་གཞུང་འདི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་འགན་ཁུར་ཡོད་ལ།  ད་ལོའི་ཟླ11པའི་ཟླ་དཀྱིལ་ནས་བཟུང་དངོས་སུ་འཁྲབ་སྦྱོང་བྱེད་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།