༄༅།།《ང་ཡི་ཧི་མ་ལ་ཡ》ལ་གསེར་བྱའི་བྱ་དགའ་ཐོབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2020-12-02
ཀློག་གྲངས།:

གློག་བརྙན《ང་ཡི་ཧི་མ་ལ་ཡ》ཞེས་པ་དེ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གློག་བརྙན་འཕྲིན་ལམ་གྱིས་བསྟན་པ་དང་། ཀྲང་ཞིན་གྱིས་འཁྲབ་ཁྲིད་གནང་ཞིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་མཉམ་འབྲེལ་སྒོས་པར་ལེན་བཟོ་སྐྲུན་བྱས་པ་ཞིག་རེད། གཙོ་སྐྲུན་ཚོགས་པས་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི4000ཡན་གྱི་ས་མཐོར་ཉིན40རིང་ལ་འབད་བརྩོན་བྱས་ནས་པར་ལེན་ལེགས་གྲུབ་བྱུང་བ་རེད། གློག་བརྙན་དེ2019ལོའི་ཟླ10པར་རྒྱལ་ཁབ་བཙུགས་ནས་ལོ་ངོ70འཁོར་བའི་ལེགས་སྐྱེས་གློག་བརྙན་ཞིག་ཡིན་པའི་ངོས་ནས་གློག་བརྙན་འཕྲིན་ལམ་ནས་བསྟན་པ་དང་འབྲེལ་གློག་བརྙན་དྲ་བ་དང་ཨའེ་ཆི་དབྱི(爱奇艺)དྲ་བ་སོགས་ནས་དུས་མཉམ་དུ་བསྟན་ཞིང་། དེས་ནང་མཚོན་པའི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ལ་རྒྱ་ཆེའི་ལྟད་མོ་བ་ཚང་མས་དགའ་བསུ་ཆེན་པོ་ཐོབ།
བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག དཔྱད་འདེམས་ཨུ་ལྷན་གྱིས་གློག་བརྙན་འདིར་གནང་བའི་དཔྱད་བརྗོད་ནི་འདི་ལྟ་སྟེ། “གློག་བརྙན《ང་ཡི་ཧི་མ་ལ་ཡ》ཞེས་པའི་ནང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་ཕ་དང་བུ་མོའི་མི་རབས་གཉིས་རིང་སྤྱིར་བཏང་གི་མིས་བཟོད་ཐབས་བྲལ་ཞིང་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་འོག ལོ་བཅུ་ཕྲག་ཁ་ཤས་རིང་དད་ལྷོད་མེད་པར་མཐའ་མཚམས་བརྟན་སྲུང་བྱས་པའི་རྒྱལ་གཅེས་བྱས་རྗེས་དེ། ཕ་དང་བུ་མོའི་དབར་གྱི་བསམ་བློའི་འགལ་ཟླ་བརྒྱུད། བུ་མོས་ཕུགས་བསམ་དང་བརྩེ་དུང་ལ་རེ་སྙེག་བྱེད་པ་དང་། དེ་བཞིན་ཁོང་ཚོས་འཚོ་བ་སྐྱེལ་སའི་ཧི་མ་ལ་ཡའི་ནགས་ཁུལ་གྱི་བརྗིད་ཉམས་ཆེ་ཞིང་ཉེན་ཁ་ཆེ་བ་དེའི་ཐོག་ནས་མི་སྣ་གཙོ་བོའི་རྒྱལ་གཅེས་རིང་ལུགས་ཀྱི་བབ་ཆགས་དང་བླ་ན་མེད་པའི་བརྩེ་སེམས་དེ་མངོན་པར་མཚོན། བརྙན་རིས་རྒྱ་ཆེ་ཞིང་ཟིལ་ཤུགས་ལྡན་ལ་བརྩེ་དུང་ཟབ་ཅིང་མི་སེམས་འགུལ་བ་ཞིག་ཡིན་པས་མ་གནས་འབྲིང་ཆུང་གི་ཆེས་ལེགས་པའི་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་འདི་གནང་བ་ཡིན།”ཞེས་བསྒྲགས།
“བྱ་དགའ་དེ་གློག་བརྙན་གྱི་མི་སྣ་གཙོ་བོ་ཡུལ་སྨད་མི་གསུམ་ཤང་གི་སངས་རྒྱས་ཆོས་པ་ཕ་དང་བུ་མོ་ནང་བཞིན་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་བདེ་འཇགས་ཆེད་དུ་རང་ས་ནས་བྱས་རྗེས་འཇོག་བཞིན་པའི་འབད་འཐབ་མཁན་རྣམས་ལ་ཕུལ་བ་ཡིན”ཞེས་གློག་བརྙན་འཕྲིན་ལམ་གློག་བརྙན་གསར་རྩོམ་པུའུ་ཡི་ཀྲུའུ་རེན་ཐང་ཁོ་ཡིས་བྱ་དགའ་ཐོབ་པའི་མྱོང་ཚོར་གླེང་སྐབས་དེ་ལྟར་བརྗོད་པ་རེད།
འབྲེལ་ཡོད་འོས་སྦྱོར།