པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ«གསའ»ཡི་ཕབ་སྐྲུན་བྱ་བ་ཡོངས་སུ་མཇུག་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:པད་ཚེའི་མི་སྒེར་འཕྲིན་སྟེགས།
དུས་ཚོད།:2022-07-06
ཀློག་གྲངས།:
ཉེ་ཆར། པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ«གསའ»ཡི་ཕབ་སྐྲུན་བྱ་བ་ཡོངས་སུ་མཇུག་བསྡུས་པ་དང་མཉམ་དུ་བསྒྲགས་པར་ཐོག་མའང་དངོས་སུ་ཁྱབ་བསྒྲགས་བྱས།

གློག་བརྙན«གསའ»ནི་པདྨ་ཚེ་བརྟན་གྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པའི་གཏམ་རྒྱུད་གློག་བརྙན་བརྒྱད་པར་ཆགས་འདུག་ལ། ད་ལྟའི་དུས་སུ་ལས་རིམ་རྗེས་མའི་ལས་ཀར་འཇུག་བཞིན་པའི་སྒང་རེད། གློག་བརྙན་འདི་ནི་ཏ་ཅིས་གློག་བརྙན་ལས་རིགས་ཚང་དང་། ཧའོ་ཨར་གོ་སི་ལིན་ཡོས་སྨྱན་སྦྱོར་ཚད་ཡོད་ཀུང་ཟི། ཧྲིན་ཀྲིན་མཛོ་སྣ་གློག་བརྙན་ལས་རིགས། མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་བཅས་ཀུང་ཟི་བཞིས་ཕབ་སྐྲུན་དང་བཟོ་སྐྲུན་གྱི་འགན་ཁུར་ཡོད་པ་ཞིག་རེད།
གློག་བརྙན་འདིའི་ནང་དུ་མི་དང་སྲོག་ཆགས་ཅི་ལྟར་མཉམ་གནས་བྱ་བའི་སྐོར་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད་ལ། ཕབ་སྐྲུན་བྱ་ཡུལ་ནི་མགོ་ལོག་རྨ་སྟོད་ཀྱི་རི་ཆུའི་བཀོད་པ་རབ་ཏུ་མཛེས་པའི་སྟོང་རི་མཚོ་རྒན་གྱི་ཉེ་འདབས། རི་དྭགས་གསའ་རྒྱུན་སྡོད་བྱ་ཡུལ་ནས་ཕབ་སྐྲུན་བྱས་པ་ཡིན།

གློག་བརྙན་འདིའི་འཁྲབ་སྟོན་པ་ལ་སྦྱིན་པ་དང་། ཞོང་ཙི་ཆིས། ཚེ་བརྟན་བཀྲ་ཤིས་སོགས་ཡོད་ལ། བྷིས་ལིས་ཧྲིའི་བརྙན་ལེན་པ་གྲགས་ཅནMatthisaDelvauxལགས་ནས་བརྙན་ལེན་པའི་འགན་ཁུར་ཡོད་པ་ཞིག་རེད། དེ་མིན། ཐེངས་འདིའི་ཐོག་མའི་བསྒྲགས་པར་གྱི་ཇུས་འགོད་པ་ནི་སྐུ་ཞབས་ཏུའུ་ཧྥིན་སུང་ལགས་ཡིན་འདུག ཁོང་ནི་པདྨ་ཚེ་བརྟན་གྱི་གློག་བརྙན་སྔོན་མ«དབུགས་ལྒང»གི་བསྒྲགས་པར་གྱི་ཇུས་འགོད་པའང་ཡིན་འདུག
འབྲེལ་ཡོད་འོས་སྦྱོར།