logo

འདང་དང་མདངས།

རྩོམ་པ་པོ།: ཡོང་ཁུངས།:༩༨ལས་སྒྲུབ་ཁང་། དུས་ཚོད།:2022-07-26 ཀློག་གྲངས།:
        གཞོན་སྐྱེས་འཁྲབ་ཁྲིད་པ། འཕགས་པ་ལགས་ཀྱི་འཁྲབ་གཞུང་བརྩམས་ཆོས«འདང་དང་མདངས»ཀུན་དོང་འཆར་གཞི་སྐབས་བདུན་པའི་ཕུལ་བྱུང་རྩེ་གྲ་ལྔའི་ན་གཞོན་གློག་བརྙན་འཁྲབ་ཁྲིད་དང་དང་ལས་གཞི་ཞེས་པའི་ཁྲོད་དུ་བདམས་ཐོན་བྱུང་། དེ་སྔ་ཁོང་གིས«མིག་གསུམ་པ»ཞེས་པའི་གློག་བརྙན་ཕབ་མྱོང་།
གློག་བརྙན་ངོ་སྤྲོད།
        ལྷ་བཟོ་བ་དགེ་འདུན་ནི་ཞི་དུལ་བབ་ཆགས་ཤིག་ཡིན་པ་དང་། ལྷ་རིས་སྒྱུ་རྩལ་ལ་དཀའ་སྤྱད་འབད་བརྩོན་བྱེད་པའི་དགེ་འདུན་པ་ཞིག་ཡིན། ཁོ་རང་སྡོད་སའི་ཚོ་བས་ཁོང་ལ་ཐང་ག་ཞིག་འབྲི་དགོས་པའི་རེ་འདུན་ཞུས་པ་དང་ཁོང་གིས་ཡང་ཉིན་མཚན་བསྟུད་མར་ལས་ཀ་བྱས། ཏག་ཏག་སྐབས་དེར་ཁོའི་འཇིག་རྟེན་ལ་པད་མ་དབྱངས་ཅན་ཟེར་བའི་བུད་མེད་ལོང་བ་ཞིག་ཐོན་པ་དང་། ཁོའི་སེམས་ཁམས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བར་མ་ཟད་དོན་རྐྱེན་གང་མང་ཞིག་གི་ཁྲོད་ནས་དགེ་འདུན་དང་པད་མ་དབྱངས་ཅན་འཇིག་རྟེན་དཀར་ངོགས་ནས་འཕྲད་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།

འབྲེལ་ཡོད་འོས་སྦྱོར།