logo

ཁྲིམས་བརྗོད་གློག་བརྙན་ཐུང་གྲས«བསླུ་བྲིད»ཅེས་པའི་ཕབ་སྐྲུན་མཛད་སྒོ་མཚོ་ལྷོ་ཁུལ་ནས་སྤེལ།

རྩོམ་པ་པོ།:ཁྱུང་གཤོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-25 ཀློག་གྲངས།:
        ཟླ༨ཚེས༢༥ཉིན། ཁྲིམས་བརྗོད་གློག་བརྙན་ཐུང་གྲས«བསླུ་བྲིད»ཅེས་པའི་ཕབ་སྐྲུན་མཛད་སྒོ་དེ་མཚོ་ལྷོ་ཁུལ་ཁྲིམས་འཛིན་ཅུའི་གཞུང་ལས་ཐོག་ཁང་གི་མདུན་ནས་སྤེལ། མཛད་སྒོའི་སྟེང་ཁུལ་ཁྲིམས་འཛིན་ཅུའི་ལས་བྱེད་ལས་བཟོ་པ་དང་འཁྲབ་སྟོན་མི་སྣ་སོགས་མི༢༠ལྷག་ཞུགས།
        དུས་རབས་ཀྱི་རྗེས་སུ་དམ་པོར་བསྙེགས་པ་དང་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱིས་དགའ་མགུ་བྱེད་པ་དང་སྤུས་ཚད་ཅུང་མཐོ་བའི་ཁྲིམས་ལུགས་ཁྱབ་གདལ་གྱི་གློག་བརྙན་ཐུང་གྲས་ཕབ་སྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དྲིལ་བསྒྲགས་བྱེད་པ། “བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། ཁྲིམས་སྐྱོང་མཚོ་ལྷོ་དང་བདེ་འཇགས་མཚོ་ལྷོ་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཐེངས་འདིའི་གློག་བརྙན་ཐུང་གྲས་འདི་ཕབ་སྐྲུན་བགྱི་བའི་དམིགས་ཡུལ་གཙོ་བོའང་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་སུ་གཏོང་རྒྱུ་དེ་རེད་འདུག
        ཉེ་བའི་ལོ་ཤས་རིང་ཞིང་འབྲོག་མང་ཚོགས་ཀྱི་ཉེ་གམ་དུ་ཡང་ཡང་ཐོན་པའི་གློག་འཕྲིན་ཁ་བསླུས་ཀྱི་དཔེ་མཚོན་གྱོད་དོན་ཁ་ཤས་རྨང་གཞི་བྱས་ཏེ་འཚོ་བ་དང་ཁ་ཐག་ཉེ་བ། དོན་དངོས་མཚོན་པ། ཡིད་སེམས་འགུག་པ། གོ་བདེ་ཤེས་སླའི་སྒོ་ནས་ཉེས་གསོག་གི་བརྒྱུད་རིམ་དང་མཇུག་འབྲས་ཚབས་ཆེན་སོགས་མངོན་པར་མཚོན་པ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དོགས་ཟོན་བྱས་ཏེ་བཅའ་ཁྲིམས་ཀྱི་རྩ་དོན་སོགས་ལ་འགལ་མི་རུང་བར་དྲན་སྐུལ་བྱས་ཡོད།
        ཁྲིམས་ལུགས་ཁྱབ་གདལ་གློག་བརྙན་ཐུང་གྲས་ཀྱི་འཁྲབ་སྟོན་པ་ཚང་མ་ནི་ཀུན་གྱིས་དགའ་བསུ་ཐོབ་བཞིན་པའི་མཚོ་ལྷོ་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་མི་སྣ་སྐོར་ཞིག་ཡིན་ལ། ཕལ་ཆེར་སྤྱི་ཟླ༩པའི་ཟླ་མཇུག་ཙམ་ལ་ཁུལ་ཡོངས་ཀྱི་སྨྱན་སྦྱོར་སྟེགས་བུ་མང་པོ་ལས་ལྟ་མཁན་རྣམས་ཀྱི་སྤྱན་ལམ་དུ་བསྟར་གྲབས་ཡོད། འཁྲབ་ཚན་འདི་འདྲ་ཞིག་ཕབ་སྐྲུན་བྱས་པ་དེས་གློག་བརྙན་ཐུང་གྲས་སོགས་སྨྱན་སྦྱོར་གསར་པས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཁྲིམས་བཀུར་དང་ཁྲིམས་སྐྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་ཞིག་ཆགས་ཐུབ་པར་འབད་པ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།