པད་མ་ཚེ་བརྟན་གྱི་གློག་བརྙན་གསར་བ«སིང་སྤང་བཀྲ»ཞེས་པ་བརྙན་ཕབ་བྱེད་མགོ་བརྩམས།
རྩོམ་པ་པོ།:
ཡོང་ཁུངས།:པད་ཚེའི་མི་སྒེར་འཕྲིན་སྟེགས།
དུས་ཚོད།:2023-02-14
ཀློག་གྲངས།:
པད་མ་ཚེ་བརྟན་གྱི་གློག་བརྙན་གསར་བ«སིང་སྤང་བཀྲ»ཞེས་པ་དཀར་མཛེས་ཁུལ་འབའ་ཐང་རྫོང་གི་སྣོད་ཀྱི་བཀོད་པ་རབ་ཏུ་མཛེས་པའི་སིང་སྤང་བཀྲ་སྡེ་བ་ནས་བརྙན་འབེབས་ཀྱི་མགོ་བརྩམས། འདི་ནི་པདྨ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་དགུ་བ་ཡིན་ལ། ཐེངས་འདིར་རྒྱའི་འཁྲབ་སྟོན་པ་གྲགས་ཅན་ཧོང་ཞོན་དང་ཐོག་མར་མཉམ་འབྲེལ་བྱས་སྟེ་བརྙན་ཡོལ་སྒྱུ་རྩལ་གྱི་བརྩམས་ཆོས་གསར་བ་ཞིག་སྐྲུན་འཆར་འདུག

གློག་བརྙན་འདི་ནི་རྒྱའི་འཁྲབ་སྟོན་པ་ཧོང་ཞོན་དང་བོད་ཀྱི་འཁྲབ་སྟོན་པ་དབང་སྒྲོན་འཚོ། ཀུན་བདེ། སྤྱིན་པ་སོགས་ཀྱིས་གཙོ་འཁྲབ་ཀྱི་འགན་ཁུར་ཡོད་པ་ཞིག་ཡིན་ལ། གཙོ་འཁྲབ་པ་ཧོང་ཞོན་གྱིས་བཤད་རྒྱུར‘ཁོ་རང་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་དུ་ཐོན་ཐུབ་པར་དགའ་བ་འབུམ་གྱིས་ཕྱུག་ཡོད་ལ། གློག་བརྙན་འདི་རུ་མི་ཆ་མེད(གློག་བརྙན་གྱི་རྒྱ་ཡིག་གི་མིང་ཐད་བསྒྱུར་བྱས་ན་མི་ཆ་མེད་ཞེས་ཡིན་འདུག)ཅིག་གི་སྣང་བརྙན་གསོན་ཉམས་དོད་པོའི་ངང་བཞེངས་སྐྲུན་བྱ་ཐུབ་པར་རེ་བས་ཁེངས་ཡོད’ཟེར།

འཁྲབ་ཁྲིད་པ། པདྨ་ཚེ་བརྟན།

རྒྱའི་འཁྲབ་སྟོན་པ་ཧོང་ཞོན།

འཁྲབ་སྟོན་པ་དབང་སྒྲོན་འཚོ།

འཁྲབ་སྟོན་པ་ཀུན་བདེ།

འཁྲབ་སྟོན་པ་སྦྱིན་པ།
རེབ་འདིར་པདྨ་ཚེ་བརྟན་གྱི་ལས་ཀའི་དཔུང་སྡེ་རྙིང་པ་བརྙན་ལེན་པ་ལིས་སུང་ཡའེ་དང་། མཛེས་རིས་པ་སྟག་རྩེ་དོན་འགྲུབ། སྒྲ་ལེན་པ་གདུགས་དཀར་ཚེ་རིང་སོགས་ཀྱིས་གློག་བརྙན་གྱི་ལས་བཟོ་བ་གཙོ་བོའི་འགན་ཁུར་ཡོད་འདུག
«སིང་སྤང་བཀྲ»ཞེས་པའི་གློག་བརྙན་འདི་ནི་ཧང་ཀྲིག་ཆིན་ཙི་ཙའེ་ཁེ་ལས་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་པ་དང་། ཀུང་ཟིའི་སྤྱི་གཉེར་བ་ཀྲའོ་ཡེས་ཡན་གྱིས་ཕབ་སྐྲུན་པ་དང་། པདྨ་ཚེ་བརྟན་དང་ཝང་ལི་གཉིས་ནས་བཟོ་སྐྲུན་པ། ཚེ་མདོ་ནས་ལག་བསྟར་བཟོ་སྐྲུན་པའི་འགན་ཁུར་ཡོད་འདུག

བརྗོད་དོན་ཉིང་བསྡུས།
གློག་བརྙན་འདིའི་ནང་ཧ་ལེ་འཕྲུལ་རྟ་ཞོན་ནས་ཐོན་པའི་གསར་བུ་ཞིག་བོད་སྡེ་ཆུང་ངུ་ཞིག་ཏུ་ཐོན་ཏེ། བོད་སྡེ་དེ་སྒྲོལ་མ་ཉེར་གཅིག་གི་ཕ་ཡུལ་ཡིན་རབས་དང་། ཁོས་སྒྲོལ་མ་ཟེར་བའི་བུ་མོ་ཞིག་བཙལ་གྱི་ཡོད་རབས་བཤད་དེ་བོད་སྡེ་ཆུང་ངུ་དེའི་མིང་ལ་སྒྲོལ་མ་ཟེར་བའི་བུ་མོ་ཡོད་དོ་ཅོག་ལ་རེ་རེ་བཞིན་བལྟས་ཀྱང་། ཁོའི་བཙལ་གྱིན་པའི་སྒྲོལ་མ་ཡེ་ནས་མ་རྙེད་པའི་གཏམ་རྒྱུད་ཅིག་བརྗོད་འདུག
འབའ་ཐང་་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཅཱ་ཀྲི་གཙོའི་རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དག་ཕབ་སྐྲུན་མཛད་སྒོར་ཞུགས་སྟེ་གཏམ་བཤད་གནང་། རྫོང་ཨུ་ཧྲུའུ་ཅི་ཀྲང་ཅཱ་ཀྲི་ལགས་ཀྱིས་བཤད་རྒྱུར། “«སིང་སྤང་བཀྲ»ཞེས་པའི་གློག་བརྙན་འདི་ནི་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱ་བའི་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་ཁྱད་ཆོས་ཅན་གྱི་གློག་བརྙན་ཞིག་རེད། འཁྲབ་ཁྲིད་པ་ཁོང་གིས་ཀོང་ཆིས་ཅོན་གྱི་གློག་བརྙན་འཇིག་རྟེན་ཞེས་མཚན་སྙན་ཕྱོགས་བཞིར་ཁྱབ་པའི«སིང་སྤང་བཀྲ»སྡེ་བ་ནས་ཕབ་སྐྲུན་གྱི་འཆར་གཞི་བཟོས་པར་དངོས་ནས་བཀའ་དྲིན་ཆེ། འདི་ནི་ང་ཚོའི་རྫོང་འདིའི་རིག་གནས་ཁྱབ་སྒྲོགས་ཐད་ནུས་པ་བླ་ལྷག་ཐོན་པའི་ལས་གཞི་ཞིག་རེད”ཟེར།

འབྲེལ་ཡོད་འོས་སྦྱོར།