«རྒྱ་བཟའ་ཀོང་ཇོ»ཞེས་པའི་ཟློས་གར་ལྷ་སར་འཁྲབ་མགོ་བརྩམས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-03-22
ཀློག་གྲངས།:
ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས«རྒྱ་བཟའ་ཀོང་ཇོ»ཞེས་པ་ལྷ་སར་གཟབ་རྒྱས་ངང་འཁྲབ་མགོ་ཚུགས་པ།

ཟླ་གསུམ་པར་མཐོ་སྒང་གི་གང་སར་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད་ཡོད། ཉེ་སྔོན། ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས«རྒྱ་བཟའ་ཀོང་ཇོ»ཞེས་པ་ལྷ་སའི་རྒྱ་བཟའ་ཀོང་ཇོའི་ཟློས་གར་ཁང་དུ2023ལོའི་འཁྲབ་སྟོན་ཐོག་མ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པར་ཁ་གཏད་ནས་འཁྲབ་སྟོན་དུས་ཚིགས11པའི་འགྲུལ་བཞུད་ཀྱི་ལམ་དུ་སྐྱོད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་མཐོ་སྒང་སྒྱུ་རྩལ་གྱི་གསོལ་སྟོན་གཟབ་རྒྱས་ཞིག་མིག་མདུན་དུ་མངོན་ཡོད། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར«རྒྱ་བཟའ་ཀོང་ཇོ»ཟློས་གར་གྱི་མཁྲེགས་ཆས་དང་ལེ་ལག་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ནས་ཡང་བསྐྱར་གར་སྟེགས་མཛེས་རྩལ་དང་འཁྲབ་སྟོན་གྱི་ཕྲ་རིམ། སྒྱུ་རྩལ་ཕྲེང་འབྲེལ། སྨྱན་བྱད་གསར་པའི་ལག་རྩལ་བཀོལ་སྤྱོད་སོགས་ཀྱི་ཐད་མཐོར་འདེགས་སུ་བཏང་ཡོད།

འཁྲབ་སྟོན་བྱེད་བཞིན་པ།

«རྒྱ་བཟའ་ཀོང་ཇོ»འདི་ཉིད་མིག་སྔར་ཀྲུང་གོའི་ས་བབ་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་བའི་དངོས་ལྗོངས་ཟློས་གར་ཡིན་པའི་ཆ་ནས་བོད་ལྗོངས་གསར་པའི་རྣམ་པ་མངོན་པའི་རིག་གནས་སྐར་ཁུང་གལ་ཆེན་ཞིག་ཡིན་ལ། དེས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་མང་པོའི་རིག་གནས་སྒྱུ་རྩལ་དམར་རྗེན་དུ་མངོན་ཡོད་པར་མ་ཟད། རྒྱུན་ཆད་མེད་པའི་ཐོན་ལས་ཅན་གྱི་འཁོར་སྐྱོད་བརྒྱུད་ནས་དེའི་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཁྲབ་སྟོན་སྒྱུ་རྩལ་ཁྲོམ་རའི་ཟོང་རྟགས་གོ་གནས་ལ་རྨང་གཞི་བཏིང་ཡོད།

བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གསེར་བྱང་ཡིན་པའི་ཆ་ནས། ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས«རྒྱ་བཟའ་ཀོང་ཇོ»2013ལོར་འཁྲབ་མགོ་ཚུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་སྤྱི་ཚོགས་འགན་འཁྲི་ལག་ལེན། ས་ཁོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། རིག་གནས་ཡུལ་སྐོར་དམངས་ཕན་དམངས་ཕྱུག་གི་འགན་འཁྲིའི་ལོ་རྒྱུས་ལམ་ཚད་རྒྱུན་འཁྱོངས་བྱས་ཏེ། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

ལོ་ངོ་བཅུའི་རིང་བསྡོམས་པས་འཁྲབ་སྟོན་ཐེངས1600ལྷག་བྱས་པ་དང་ཟློས་གར་ཁང་དང་དེའི་ལེ་ལག་རྣམ་གྲངས་ཀྱིས་ཡུལ་སྐོར་པ་མི་ཐེངས་ཁྲི400ལྷག་སྣེ་ལེན་བྱས་ཤིང་། ས་གནས་མང་ཚོགས་ལ་གླ་ཕོགས་སྒོར་དུང་ཕྱུར4ལྷག་འགྲེམ་གཏོང་བྱས་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་སོགས་ཀྱི་ཐད་ཏང་ཨུའི་སྲིད་གཞུང་དང་མི་དམངས་མང་ཚོགས་ལ་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་བའི་དུས་རབས་ཀྱི་རྒྱུགས་ལན་ཞིག་སྤྲད་ཡོད། །
འབྲེལ་ཡོད་འོས་སྦྱོར།