དམེ་ཚང་རྟ་ཁོའི་གློག་བརྙན«བློ་བཟང་དང་གཡག་རྒན»ལ་བྱ་དགའ་མང་པོ་ཞིག་ཐོབ་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-03-24
ཀློག་གྲངས།:
གློག་བརྙན་འདི་ནི་ཆུང་དུས་ནས་ངག་མི་འཁྲོལ་བའི་བྱིས་པ་ཞིག་དང་གཡག་རྒན་ཞིག་གི་བར་དུ་བྱུང་བའི་གཏམ་རྒྱུད་གཞིར་བཟུང་ནས་བྱིས་པ་ལྐུགས་པ་དེའི་ནང་སེམས་ཀྱི་འཇིག་རྟེན་དང་མི་དང་དུད་འགྲོའི་བར་ཀྱི་བརྩེ་བ། འབྲོག་ཁྱིམ་ཕལ་བ་ཞིག་གི་འཚོ་བའི་གནས་སྟངས་དང་དུས་ཀྱི་འགྱུར་ལྡོག་གི་ཁ་མཚམས་སུ་གནས་པའི་བྱ་དངོས་གསར་རྙིང་གི་འགལ་འདུ་སོགས་བརྗོད་པའི་གཏམ་རྒྱུད་ཞིག་ཡིན།

གློག་བརྙན«བློ་བཟང་དང་གཡག་རྒན»ལ་དངུལ་བུམ་རྟགས་མའི་བྱ་དགའ་ཐོབ་པ།

གློག་བརྙན«བློ་བཟང་དང་གཡག་རྒན»གྱི་འཁྲབ་ཁྲིད་པ་དམེ་ཚང་རྟ་ཁོ་ལ་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ་པ།

གློག་བརྙན«བློ་བཟང་དང་གཡག་རྒན»གྱི་འཁྲབ་སྟོན་པ་ཚུལ་ཁྲིམས་ལ་སྐྱེས་པ་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ།
འཁྲབ་ཁྲིད་པ།

དམེ་ཚང་རྟ་ཁོ།
ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་དམེ་ཚང་རྟ་ཁོ་ནི། སྤྱི་ལོ1992ལོར་ཕ་ཡུལ་མཚོ་སྔོན་མགོ་ལོག་དུ་སྐྱེས། 2018ལོར་པེ་ཅིན་སྒྱུ་རྩལ་སློབ་གླིང་གི་གློག་བརྙན་འཁྲབ་ཁྲིད་དང་སྒྲིག་སྦྱོར་སྡེ་ཁག་ནས་མཐར་ཕྱིན། ཁོ་ནི་མཚོ་སྔོན་མགོ་ལོག་རོལ་མོ་པའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ད་ལྟ་མགོ་ལོག་ཁྲ་མོ་གླིང་གློག་བརྙན་འཕྲིན་རིག་གནས་སྨྱན་བྱད་ཚད་ཡོད་སྤྱི་གཉེར་ཁང་དུ་ལས་ཀ་གཉེར་བཞིན་ཡོད། བརྩམས་ཆོས་ལ་སྒེར་དེབ་ཐོག་མ«མྱི་ཁེར་འགྲོ»སོགས་ཡོད་ལ། གཞན་ཡང་བོད་ཁུལ་གྱི་དུས་དེབ་དུ་མའི་སྟེང་དུ་རྩོམ་ཡིག་འགོད་མྱོང་། གཞས་ཚིག་བརྩམས་ཆོས་ལ«ཚེ་རིང་མཚོ་མོ»དང«ཡབ་ཆེན» «གཡུ་ཆུང་མ་གར་ལ་འགྲོ» «རྨ་ཡུལ་བུ་མོ»སོགས་རེ་འགའ་ཡོད། གློག་བརྙན་བརྩམས་ཆོས་ལ་དངོས་བཤུས་གློག་བརྙན«མཐིང་སྨུག་སྦྲ་ཆུང»དང་གློག་བརྙན་ཐུང་གྲས«ལམ»། ད་དུང་ཉེ་ལམ་གསར་དུ་ཕབ་སྐྲུན་བྱས་པའི་གློག་བརྙན«བློ་བཟང་དང་གཡག་རྒན»བཅས་ཡོད།
སློབ་ཆེན་སྐབས་སུ་ཕབ་སྐྲུན་བྱས་པའི་གློག་བརྙན་ཐུང་གྲས«ལམ»ལ་པེ་ཅིན་སྒྱུ་རྩལ་སློབ་གླིང་གི་སྐབས་བརྒྱད་པའི་འཇོན་རྩལ་འགྲན་སྡུར་གྱི་སྐབས་དང་པོའི་གློག་བརྙན་འགྲན་སྡུར་ལས་བྱ་དགའ་ཨང་དང་པོ་དང་། འཁྲབ་ཁྲིད་པ་རྩེ་གྲས། གློག་བརྙན་རྩེ་གྲས། བརྙན་ལེན་རྩེ་གྲས། སྐྱེས་པ་གཙོ་འཁྲབ་པའི་འོས་མིང་དུ་ཚུད་པའི་བྱ་དགའ་བཅས་ཐོབ་མྱོང་བ་མ་ཟད། 2018ལོའི་ཟླ8པར་བརྙན་ཐུང«ལམ»ཞེས་པ་པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་སྟེང་འགྲེམ་སྟོན་བྱས་མྱོང་། ལོ་དེར་ཁྱུང་ཆེན་གློག་བརྙན་ལས་འཆར་གྱི་སྟེང་དུ་ཁྱུང་ཆེན་བརྙན་གླིང་གིས་ཉར་ཚགས་དཔང་ཡིག་གནང་མྱོང་། སྤྱི་ལོ2022ལོར་གློག་བརྙན་བརྩམས་ཆོས་གསར་པ«བློ་བཟང་དང་གཡག་རྒན»ཞེས་པ་ཧྲང་ཧེ་རྒྱལ་སྤྱིའི་བརྙན་ཐུང་འགྲན་སྡུར་དུ་ཚུད།

འབྲེལ་ཡོད་འོས་སྦྱོར།