logo

བོད་ཀྱི་ཟློས་གར«ཡིད་འཕྲོག་ལྷ་མོ»མཚོ་ལྷོ་ཁུལ་དུ་འཁྲབ་སྟོན་བྱ་རྒྱུ་རེད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-01 ཀློག་གྲངས།:
       མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པས་དུས་ཡུན་རིང་བོར་གྲ་སྒྲིག་དང་འཁྲབ་སྦྱོང་བྱས་པའི་བོད་ཀྱི་ཟློས་གར་ཆེན་མོ«ཡིད་འཕྲོག་ལྷ་མོ»སྤྱི་ཟླ9བའི་ཚེས3ནས4བར་མཚོ་ལྷོ་བོད་རིགས་རང་སྐྱོང་དུ་འཁྲབ་སྟོན་བྱ་འཆར་ཡོད་ལ། ཟློས་གར་ཚོགས་པ་འདིས་ལོ་ངོ་མང་པོའི་རིང་རྒྱལ་སྤྱི་དང་རྒྱལ་ཁབ་རིམ་པའི་སྡིངས་ཆ་ཆེ་གྲས་ཁག་ཏུ་ཆེད་ལས་རང་བཞིན་གྱི་རྨང་གཞིའི་སྟེང་ནས་ཚད་རིམ་ཆེས་མཐོ་བའི་བོད་ཀྱི་ཟློས་གར་རབ་དང་རིམ་པ་འཁྲབ་སྟོན་བྱས་མྱོང་བར་མ་ཟད། རྒྱལ་སྤྱིའི་གཟེངས་སྐྱེས་དང་རྒྱལ་ཁབ་ཀྱི་ཁས་ལེན་ཚད་མེད་ཐོབ་པ་མ་ཟད། ནང་སྒོས་སུ་ལྟད་མོ་བ་ཁྲི་ཁྲི་འབུམ་འབུམ་གྱི་དགའ་བསུ་མི་དམན་པ་ཐོབ་ཡོད་དོ། །
       བོད་ཀྱི་ཟློས་གར་ཡིད་འཕྲོག་ལྷ་མོ་ནི་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་རྩོམ་བྱས་པའི་ལྷ་མོ་ཟློས་གར་ནང་གི་འཁྲབ་ཚན་གཅིག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་བོད་ཀྱི་ལྷ་མོ་ཟློས་གར་ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ལས་བཙུན་མོ་ཡིད་འཕྲོག་མ་རྨང་གཞི་བྱས་ཏེ་བཅོས་སྒྲིག་གསར་རྩོམ་བྱས་པའི་ཟློས་གར་ཡག་པོ་ཞིག་ཡིན། ཟློས་གར་ནང་ཡིད་འཕྲོག་ལྷ་མོ་དང་ཆོས་རྒྱལ་ནོར་བཟང་གཉིས་ཀྱི་མི་སེམས་སྒུལ་བའི་ལྷད་མེད་བརྩེ་དུང་བརྒྱུད་དེ། དཀར་ཕྱོགས་དགེ་བ་དང་ནག་ཕྱོགས་སྐྱུག་བྲོ་བའི་བྱ་བྱེད། དེ་མིན་ད་དུང་དགེ་སྡུག་བདེན་རྫུན་སོགས་ཀྱི་ཕུགས་བསམ་གྱི་གདམ་ག་མངོན་པར་བསྟན་ཡོད།
འབྲེལ་ཡོད་འོས་སྦྱོར།