logo

«གཅིག་དང་བཞི»མི་རིང་བར་རྒྱལ་ཡོངས་སུ་གཟིགས་འབུལ་ཞུ་འཆར་འདུག

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-13 ཀློག་གྲངས།:
       ཉེ་ཆར། པད་མ་ཚེ་བརྟན་གྱི་བུ་འཇིགས་མེད་འཕྲིན་ལས་ཀྱིས་འཁྲབ་གཞུང་གསར་རྩོམ་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན«གཅིག་དང་བཞི»ཟླ10པའི་ཚེས27ཉིན་རྒྱལ་ཡོངས་སུ་སྟོན་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། གློག་བརྙན་དེ་ནི་པད་མ་ཚེ་བརྟན་གྱིས་ལྟ་ཞིབ་བྱས་ནས་བཟོས་པ་ཞིག་ཡིན།
       གློག་བརྙན«གཅིག་དང་བཞི»ནི་ཕུལ་བྱུང་གི་གློག་བརྙན་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས། སྐབས་བཅུ་དྲུག་པའི་ཨ་ཤེ་ཡའི་གློག་བརྙན་བྱ་དགའ་ཆེན་པོའི་ནང་ཕུལ་བྱུང་འཁྲབ་ཁྲིད་པ་དང་པར་ལེན་ཡག་ཤོས་ཀྱི་བྱ་དགའ་ཆེན་པོ་གཉིས་ཐོབ་པ་དང་། སྐབས34པའི་ཐོ་ཁེའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འགྲན་བསྡུར་གཙོ་བོའི་སྡེ་ཚན་གྱི་ཅིན་ཆི་ལིན་གྱི་བྱ་དགར་མིང་འདོན་བྱས། སྐབས་བཅུ་དྲུག་པའིFIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་ཐོག་བྱ་དགའ་ཆེན་པོ་གསུམ་ཐོབ་པ་སྟེ། འཁྲབ་ཚན་རིང་པོ་ཡག་ཤོས་དང་། འཁྲབ་ཁྲིད་པ་ཡག་ཤོས། འཁྲབ་སྟོན་པ་ཡག་ཤོས་བཅས་ཡིན།
       གློག་བརྙན་འདིའི་གཙོ་འཁྲབ་པ་དར་རྒྱས་བསྟན་འཛིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གློག་བརྙན་འདིའི་གཏམ་རྒྱུད་ཀྱི་བྱུང་རིམ་རྙོག་འཛིང་ཆེ་བས་བསམ་མནོ་གཏོང་རིན་ཡོད་པ་དང་། གཟིགས་མོ་བ་རྣམས་ལ་རང་ཉིད་གཏམ་རྒྱུད་དང་མཉམ་འདྲེས་ཐུབ་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་ངེས། ང་རང་གློག་བརྙན་འདིའི་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པ་རེད།
འབྲེལ་ཡོད་འོས་སྦྱོར།