logo

བོད་ཀྱི་གློག་བརྙན«གསའ»ལ་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་ཐོབ་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-27 ཀློག་གྲངས།:
       རྒྱུས་ལོན་པ་ལྟར་ན། སྤྱི་ཟླ12པའི་ཚེས22ཉིན། ཧེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ལྔ་པ་མཇུག་བསྡུ་བའི་མཛད་སྒོ་སྤེལ་ཞིང་། བོད་ཀྱི་གློག་བརྙན«གསའ»ལ་རེབ་འདིའི་གཙོ་འགྲན་སྡེ་ཚན་གྱི་གསེར་གྱི་བེ་ཏ་རྟགས་མའི་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་ཐོབ་ཅིང་། གློག་བརྙན་དུས་ཆེན་འདིའི་མཇུག་བསྡུའི་གློག་བརྙན་དུ་བཞག་སྟེ་རྒྱལ་ནང་དུ་ཐོག་མའི་གཟིགས་འབུལ་བྱས།
       བོད་ཀྱི་གློག་བརྙན«གསའ»ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བརྒྱད་ཅུ་པ་དང་། ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཞེ་བརྒྱད་པར་ཞུགས་པ་ལས་གཞན། ཏོང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་སོ་དྲུག་པར་ཞུགས་ནས་གློག་བརྙན་རྩེ་གྲའི་གཟེངས་རྟགས་བླངས་རྗེས། ཡང་བསྐྱར་གློག་བརྙན་དུས་ཆེན་འདིར་ཞུགས་ནས་རྒྱལ་ནང་གི་གཟིགས་འབུལ་ཐོག་མ་བྱས།
       གློག་བརྙན་འདི་ནི་པེ་ཅིང་ནན་ཅིས་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་པེ་ཅིང་རིག་ལའེ་ཁའེ་ཁྲང་རིག་གནས་སྨྱན་སྦྱོར་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཧྲིན་ཀྲིན་མཛོ་སྣ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཨེ་ཆིས་དབྱི་གློག་བརྙན་ལས་རིགས་པེ་ཅིང་ཀུང་ཟི། པེ་ཅིང་ཝིན་ཐིག་རིགས་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། ཧང་ཀྲིག་ཧའེ་ཞིས་གློག་ཆས་ཚོང་དོན་ཚད་ཡོད་ཀུང་ཟི། ཧྲང་ཧའེ་ཧྥང་ཐན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། པེ་ཅིན་ཡུན་ཧྭ་ཧྲི་ཀང་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་གྱིས་ཕབ་སྐྲུན་བྱས་ཤིང་། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གློག་བརྙན་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་གཉིས་ནས་བཟོ་སྐྲུན་ལས་ཁུངས་ཀྱི་འགན་ཁུར་ཡོད། །

ཡོང་ཁུངས། པདྨ་ཚེ་བརྟན་གྱི་ཡིག་བརྙན་འཇིག་རྟེན།
འབྲེལ་ཡོད་འོས་སྦྱོར།