logo

«སྐལ་བཟང་མེ་ཏོག»ལ“གསེར་གྱི་ཁྲིམས་ཐོ་བྱ་དགའི”གློག་བརྙན་ཐུང་གྲས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ།

རྩོམ་པ་པོ།:བསོད་ནམས་འཚོས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2024-12-12 ཀློག་གྲངས།:
       ཟླ12པའི་ཚེས9ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་གིས་རྩ་འཛུགས་པར་ལེན་བྱས་པའི་ཁྲིམས་སྐྱོང་གློག་བརྙན་ཐུང་གྲས«སྐལ་བཟང་མེ་ཏོག»ཅེས་པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཆབ་སྲིད་པུའུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གསར་འགྱུར་ཅུའུ་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་པའི་སྐབས་བཅུ་གཅིག་པའི“གསེར་གྱི་ཁྲིམས་ཐོ་བྱ་དགའི”གློག་བརྙན་ཐུང་གྲས་དང་བརྙན་རིས་ཐུང་གྲས་འཚོལ་སྡུད་དང་འགྲེམས་སྟོན་བྱེད་པའི་བྱ་འགུལ་ཁྲོད་གློག་བརྙན་ཐུང་གྲས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།
       ཐེངས་འདིའི་བྱ་འགུལ་ནང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གི་བརྩམས་ཆོས229འཚོལ་སྡུད་བྱུང་བའི་ཁྲོད། གློག་བརྙན་ཐུང་གྲས227དང་བརྙན་རིས་ཐུང་གྲས1002ཡོད་པ་རེད། བརྩམས་ཆོས་ཆིག་སྟོང་ལྷག་གིས་ཁྲིམས་སྐྱོང་གི་ལག་ལེན་ལ་གཞི་ཚུགས་ཏེ་མི་དམངས་དང་ཁ་ཕྱོགས་གཅིག་ཏུ་མཉམ་དུ་བསྐྱོད་པས། ཁོ་ཚོའི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་བཅས་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད།
       གློག་བརྙན་ཐུང་གྲས«སྐལ་བཟང་མེ་ཏོག»གིས་ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་དཔལ་ཁ་ཁྲིམས་ཁང་གིས་འདྲི་གཅོད་དང་འདུམ་འགྲིག་བྱས་པ་རྒྱབ་ལྗོངས་སུ་བྱས་ཏེ། དཔལ་ཁ་ཁྲིམས་ཁང་དེ་ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་གི“ཧྥེང་ཆའོ་ཁྲིམས་ར”འཛུགས་པའི་ཚོད་ལྟ་བྱེད་ས་རུ་བརྩིས་ནས། རང་འགུལ་ངང་ཞབས་ཞུའི་འགན་ནུས་ཆེ་རུ་བཏང་བ་དང་།“ཧྥེང་ཆའོ་ཡི་ཉམས་མྱོང”དེ་རང་ཡུལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱེ་བྲག་གི་ལག་ལེན་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། དེས་ཞིན་ཧེ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་སེམས་ཤུགས་ཡོད་རྒུས་ཞིན་ཧེ་རྫོང་ལ་ཁྲིམས་འཛིན་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་པ་མངོན་ཡོད། །
འབྲེལ་ཡོད་འོས་སྦྱོར།