གློག་བརྙན་འདིས་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-02-20
ཀློག་གྲངས།:
2025ལོའི་ལུགས་རྙིང་ལོ་གསར་སྐབས་སུ་གཏོང་འགོ་བརྩམས་པའི་འགུལ་རིས་གློག་བརྙན«ནོ་ཏྲ་ལས་བདུད་ཕྲུག་གིས་ཀླུ་ཡུལ་དཀྲུགས་པ»(གཤམ་དུ་བསྡུས་མིང་ལ«ནོ་ཏྲ2»པར་འབོད)ཞེས་པ་དེས་ཟིན་ཐོ་ཡང་ཡང་གསར་དུ་བཏོད་དེ་དམངས་ཡོངས་ཀྱི་གླེང་གཞི་ཞིག་ཏུ་གྱུར་ཡོད།

གློག་བརྙན་དེ་ཀྲུང་གོའི་གློག་བརྙན་ལོ་རྒྱུས་སྟེང་སྤ་སེ་བཙོངས་ཚད་ཆེས་མཐོ་བའི་མིང་ཐོའི་ནང་ཚུད་ཏེ་ཟིན་ཐོ་གསར་པ་བསྐྲུན་པ་མ་ཟད། མིག་སྔར་རིམ་བསགས་ཀྱིས་སྒོར་དུང་ཕྱུར123ལྷག་ལས་བརྒལ་ཏེ། འཛམ་གླིང་ཡོངས་ཀྱི་འགུལ་རིས་གློག་བརྙན་གྱི་སྤ་སེ་བཙོངས་ཚད་ལས་ཀྱང་ཨང་དང་པོར་སླེབས།

དེ་བཞིན་ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན་སྟེགས་ལས་བསྒྲགས་པ་ལྟར་ན། ད་ལོར་གྲགས་ཆེ་བའི་འགུལ་རིས་གློག་བརྙན«ནོ་ཏྲ་ལས་བདུད་ཕྲུག་གིས་ཀླུ་ཡུལ་དཀྲུགས་པ»འམ་བསྡུས་མིང་ལ«ནོ་ཏྲ2»ཞེས་པ་དེ་གློག་བརྙན་ཁང་ནས་སྟོན་པའི་དུས་ཡུན་ཟླ3པའི་ཚེས30ཉིན་བར་བསྲིང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།