«འུན་ཤིང་ཀོང་ཇོ»འཁྲབ་ཚན་བཅུ་གསུམ་པ་ཐོག་མར་འཁྲབ་སྟོན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2025-03-27
ཀློག་གྲངས།:
ཟླ3པའི་ཚེས23ཉིན་གྱི་དགོང་མོར། «འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་ཀྱི་འཁྲབ་ཚན་བཅུ་གསུམ་པའི་འཁྲབ་ཐེངས་ཐོག་མ་ལྷ་ས་བསམ་བཀོད་གླིང་དུ་འཁྲབ་སྟོན་བྱས་ཤིང་། ཟློས་གར་འདིར་འུན་ཤིང་ཀོང་ཇོ་བོད་ལྗོངས་སུ་ཕེབས་པའི་ལོ་ངོ་སྟོང་གི་ལོ་རྒྱུས་བསྐྱར་དུ་མངོན་ཞིང་། “གནམ་འོག་ཏུ་རྒྱང་རིང་མེད་ལ། མི་ཡུལ་ཚང་མ་ཕ་ཡུལ་ཡིན་པའི”མི་རིགས་མཉམ་འདྲེས་ཀྱི་བརྩེ་དུང་ཆེན་པོ་རྒྱུན་འཛིན་བྱས་ཡོད། ཉིན་དེའི་དགོང་མོར། ས་མཐོའི་དཔྱིད་རླུང་ཁྲོད་དགའ་འབོད་ཀྱི་སྒྲ་རྒྱུན་ཆད་མེད་པར་གྲགས་ཤིང་། འཁྲབ་སྟོན་བྱ་ཡུལ་དུ་ལྟད་མོ་བ་སྟོང་ཕྲག་ཁ་ཤས་དང་འཁྲབ་སྟོན་པ800ལྷག་ཙམ་གྱིས་ཟློས་གར་རྩེ་གྲ་དེའི2025ལོའི་འཁྲབ་སྟོན་ཐོག་མ་ཐུན་མོང་ཐོག་བདེན་དཔང་བྱས།

«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་འཁྲབ་སྟོན་གྱི་ཡུལ་དངོས།
«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་ནང་འུན་ཤིང་ཀོང་ཇོ་བོད་ལྗོངས་སུ་ཕེབས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། བོད་ལྗོངས་ཀྱི་འོད་སྟོང་འཕྲོ་བའི་མི་རིགས་རིག་གནས་ནང་དོན་དུ་བྱས་ནས། འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོ་གཉིས་ཀྱིས་གཉེན་སྒྲིག་ཏེ་མི་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཏམ་རྒྱུད་བརྗོད་ཡོད།
2012ལོར་ཐོག་མར་གྲ་སྒྲིག་བྱེད་སྐབས་ནས་རྣམ་གྲངས་དེ་ནི“རིག་གནས་ཡུལ་སྐོར”གྱི་རྣམ་གྲངས་ཤིག་ཡིན་པ་དང་། “གཉིས་གཏོད”རྣམ་གྲངས་ཤིག་ཡིན་ལ། དེས“དམངས་ཕན”གྱི་རྣམ་གྲངས་ཀྱི་ངེས་གནས་གསལ་སྟོན་བྱས་ཡོད། ལོ་བཅུ་གཉིས་ཀྱི་རིང་ལ། རྣམ་གྲངས་དེས་ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། དབུལ་བྲལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། རིག་གནས་དང་ཡུལ་སྐོར་ཐོན་ལས་བཅས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱས་པས། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་མངོན་འགྱུར་བྱུང་ཡོད།

«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་ནང་བློན་ཆེན་མགར་སྟོང་བཙན་ཐང་རྒྱལ་རབས་ལ་ཕེབས་པའི་འཁྲབ་ཚན།

«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་ནང་འུན་ཤིང་ཀོང་ཇོ་བོད་ལྗོངས་སུ་ཕེབས་སྐབས་དགུང་ལོ12ཀྱི་སྐུ་ཚད་ཅན་གྱི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་ལྷ་སར་གདན་དྲངས་པའི་རྣམ་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ཟློས་གར་དེ2013ལོའི་ཟླ8པའི་ཚེས1ཉིན་འཁྲབ་སྟོན་བྱེད་འགོ་ཚུགས་པ་ནས་ད་བར་དུ། ཁྱོན་འཁྲབ་སྟོན་ཐེངས2100ལྷག་ཙམ་ཟིན་པ་དང་། རྣམ་གྲངས་དང་། ལྷན་སྦྱར་ཁྲོམ་གཞུང་། དེ་བཞིན་གླིང་ཁུལ་བཅས་ཀྱིས་རིམ་རྩིས་བྱས་ན། ལྟད་མོ་བ་མི་ཐེངས་ཁྲི3200ལ་སྣེ་ལེན་ཞུས་པ། འཁྲབ་ཚན་དེར་འཁྲབ་སྟོན་པ800ལྷག་ཙམ་ཞུགས་པ། མི་ཐེངས་ཁྲི་བཅུ་ཕྲག་ཁ་ཤས་ཐད་ཀར་བསྡུ་ལེན་དང་གཞན་བརྒྱུད་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ། ས་གནས་དེ་གའི་མང་ཚོགས་ལ་རིམ་རྩིས་བྱས་ན་གླ་ཆ་སྒོར་དུང་ཕྱུར5ལྷག་ཙམ་སྤྲད་པ་བཅས་བྱས་ནས། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་དང་ཡུལ་སྐོར་བ་ལྷ་སར་ཡུལ་སྐོར་བྱེད་པར་ཡོང་བའི“གཱ་ཐོ་འགོད་སའི”རྣམ་གྲངས་ཤིག་ཏུ་གྱུར་ཏེ་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་གཞན་ཞིག་བཏོད་ཡོད།

«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་ནང་མང་ཚོགས་འཁྲབ་སྟོན་པས“ཨར་ཀ”གཅོག་པའི་རྣམ་པ།
འཁྲབ་ཚན་བཅུ་གསུམ་པ་ཐོག་མར་འཁྲབ་སྟོན་བྱས་པའི་དགོང་མོར། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་ནས་ཡོང་བའི་ཞབས་བྲོའི་ཆེད་ལས་ཀྱི་སློབ་མ་ཚོས་གར་སྟེགས་ཐོག་ཏུ་ཁོང་ཚོ་ལས་གནས་སུ་བསྐྱོད་ཐེངས་དང་པོའི་གྲུབ་འབྲས་མངོན་པ་དང་། གཙོ་གཉེར་ཕྱོགས་ཀྱིས་སློབ་གྲྭའི་དགེ་རྒན་དང་སློབ་མའི་ཁྱིམ་བདག་གདན་དྲངས་ནས། སློབ་མ་དེ་དག་གི་ལས་རིགས་འཚོ་བའི་ཁྲོད་ཀྱི་དུས་སྐབས་གལ་ཆེན་མཉམ་དུ་བདེན་དཔང་བྱས། ལྷ་ས་གྲོང་ཁྱེར་མཛེས་མཐུན་པོ་ཏ་ལ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཝུན་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོའི་ཚེས7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8ཅན་བྱུང་རྗེས། བོད་ལྗོངས་སུ་གཞིས་ཚུགས་ནས་ལོ13ཙམ་སོང་བའི་ཁེ་ལས་ཤིག་གི་ངོས་ནས་ཡུས་ཧྲང་ཧོ་མེ་ཚོགས་པས་འཕྲལ་དུ་གནོད་འཚེ་ཐེབས་ཁུལ་ལ་དངུལ་སྨར་ཁྲི20དང་ཁྱོན་སྒོར་ཁྲི35རི་བའི་གེགས་སེལ་དངོས་ཟོག་ཞལ་འདེབས་བརྒྱབ་པར་མ་ཟད། ཀུང་སིས་སྲིད་གཞུང་དང་སློབ་གྲྭ་དང་འབྲེལ་གཏུག་ཧུར་ཐག་བྱེད་རོགས་བྱས་ཏེ་གེགས་རྗེས་ཁྱིམ་གཞིས་མཉམ་སྐྲུན་བྱས་ཡོད། ད་ལོ་ཀུང་སིས་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་ལྷ་ས་གྲོང་ཁྱེར་གྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ཆེད་ལས་ཁ་གཏད་ཀྱི་སློབ་མ270ལྷག་ཙམ་ལ་དངོས་སྦྱོང་དང་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཤིང་། མིག་སྔར་སློབ་གྲྭའི་དགེ་རྒན་གྱིས་རུ་སྣེ་ཁྲིད་དེ་ཁེ་ལས་སུ་སློབ་གྲྭ་དང་ཁེ་ལས་ཀྱིས་ཐུན་མོང་གསོ་སྐྱོང་བྱེད་བཞིན་ཡོད།

«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་ནང་མང་ཚོགས་འཁྲབ་སྟོན་པ་ཚོས་འཁྲབ་སྟོན་བྱེད་བཞིན་པ།

«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་ནང་མང་ཚོགས་འཁྲབ་སྟོན་པ་ཚོས་ལྷ་མོ་འཁྲབ་བཞིན་པ།
གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་བསྟན་འཛིན་ཆོས་རྒྱལ་ཟླ3པའི་ཚེས10ཉིན་འདིར་སླེབས་ནས་དུས་ཡུན་ཟླ་བ་བརྒྱད་རིང་གི་དངོས་སྦྱོང་འཚོ་བ་འགོ་ཚུགས་ཡོད། འཁྲབ་སྟོན་འགོ་མ་ཚུགས་གོང་ཁོང་གིས་གསར་འགོད་པར“ངས་འུན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློས་གར་ནང་བྲོ་དང་། ཨར་ཀ སྒོར་གཞས་སོགས་འཁྲབ་ཀྱི་ཡོད། ངའི་སེམས་སུ་དེ་ནི་ཆེད་ལས་རྩལ་ནུས་མཐོར་གཏོང་དང་མི་རིགས་རིག་གནས་རྒྱུན་འཛིན་བྱེད་པའི་གོ་སྐབས་བཟང་པོ་རེད་སྙམ། མ་འོངས་པའི་ཟླ་བ་ཁ་ཤས་ཀྱི་ནང་དུ་ངས་འཁྲབ་སྟོན་པ་རྒན་གྲས་ཚོར་སློབ་སྦྱོང་ཧུར་ཐག་བྱས་ནས་འཁྲབ་སྟོན་ནན་ཏན་བྱས་ཏེ། འབྱུང་འགྱུར་རང་ཉིད་སྔར་ལས་ལྷག་པའི་འཕེལ་རྒྱས་ཡོང་བར་རྨང་གཞི་འདིང་གི་ཡིན། སློབ་གྲྭ་དང་བསྡུར་ན་གར་སྟེགས་འདི་འདྲ་ཞིག་ཏུ་འཁྲབ་སྟོན་བྱ་རྒྱུ་བྱུང་བ་ནི་གོ་སྐབས་ཡག་པོ་ཞིག་རེད་སྙམ། དེ་ལས་རང་གི་འཇོན་ཐང་མངོན་ཐུབ་ལ། བློ་ཁོག་ཀྱང་དེ་བས་ཆེ་རུ་འགྲོ་ཐུབ”ཅེས་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་ལྷག་པས་བཤད།

«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་ཀྱི་ལྟད་མོ་བ་སྡོད་སའི་སྟེགས་བུའི་ཟུར་ཞིག

«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་འཁྲབ་སྟོན་གྱི་ཡུལ་དངོས།
«འུན་ཤིང་ཀོང་ཇོ»རྣམ་གྲངས་ལག་ལེན་བསྟར་བའི་ཚུན་ལ། ལས་གཏོད་གླིང་གནས་སའི་ཚེ་མཆོག་གླིང་གི་གྲོང་མིའི་ལས་ཞུགས་གནད་དོན་སྔོན་ལ་ཐག་གཅོད་བྱ་རྒྱུ་དང་ཉེ་འཁོར་གྱི་ཞིང་འབྲོག་པ་འཁྲབ་སྟོན་གཉེར་སྐྱོང་ནང་ཞུགས་རྒྱུ་འགོ་འཛུགས་ས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་བཟོ་པ་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་མི་སྣ་བསྡུ་བ་དང་། གྲོང་མིའི་སྐྱེལ་འདྲེན་རླངས་འཁོར་གླས་པ། གྲོང་མིའི་སྡོད་ཁང་བོགས་སྤྱོད་སོགས་ཀྱི་ཐབས་ལམ་བརྒྱུད། གྲོང་ཚོ་ཡོངས་ལ་ཡོང་འབབ་སྒོར5000ལྷག་ཙམ་ཡོང་བར་རོགས་རམ་བྱས་ཡོད། འཁྲབ་སྟོན་ཐོག་མ་བྱས་ཚུན། འཁྲབ་སྟོན་པ95%ཡན་ནི་ས་གནས་དེ་གའི་ཞིང་འབྲོག་པ་ཡིན་པ་དང་། འཁྲབ་སྟོན་པ་ཁོ་ནར་ལོ18ནས་ལོ70བར་གྱི་ས་གནས་དེ་གའི་གྲོང་མི800ཙམ་ཆེད་སྒྲུབ་དང་ལས་འགན་གཅིག་ལྕོགས་ཀྱིས་ལས་ཞུགས་ཐུབ་ཡོད་ལ། ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར3000ནས4000བར་མང་དུ་ཕྱིན་ཡོད། ས་གནས་དེ་གའི་གྲོང་མིས་གསོ་ཚགས་བྱས་པའི་རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་ཀྱང་ཟློས་གར་དེའི“མང་ཚོགས་འཁྲབ་སྟོན་པའི”གྲས་སུ་གྱུར་ཡོད། དེའི་ནང་ནས་ཁེ་བཟང་མང་ཤོས་ཡོད་པའི་འབྲོག་པ་དུད་ཚང་རེར་ལོ་ལྟར་ནོར་ལུག་སོགས་བོགས་མར་བཏང་བ་བརྒྱུད་བོགས་དངུལ་སྒོར་ཁྲི20ཡན་ཡོང་གི་ཡོད། དེ་དང་ཆབས་ཅིག«འུན་ཤིང་ཀོང་ཇོ»རྣམ་གྲངས་ཀྱིས་ད་དུང་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་ནས་ཕ་ཡུལ་དུ་ལོག་མཁན་སློབ་མ་ཚོར་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཏེ་གྲོང་གསེབ་དར་རྒྱས་ཆེད་གཞོན་ནུ་ཤེས་ལྡན་པ་མུ་མཐུད་གཅིག་སྡུད་བྱས་ཡོད།

«འུན་ཤིང་ཀོང་ཇོ»ཞེས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་འཁྲབ་མཇུག་འགྲིལ་རྗེས་ལྟད་མོ་བ་ཚོས་འཁྲབ་སྟོན་པ་དང་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ཡུས་ཧྲང་ཧོ་མེ་ཚོགས་པས་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་བཀོད་སྒྲིག་དང་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས། ཕུལ་བྱུངIPདེ་བས་མང་བ་བོད་ལྗོངས་སུ་གཞིས་ཚུགས་པ་དང་། བོད་ལྗོངས་ཀྱི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་རྣམ་གྲངས་དང་ཡུལ་སྐོར་ཐོན་རྫས་མང་པོ་གསར་སྤེལ་བྱས་ཏེ། མང་ཚོགས་དང་ཡུལ་སྐོར་བའི་ཉིན་བཞིན་ཇེ་མང་དུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།