༄༅།།སོག་རིགས་ཀྱི་ལག་བཟོའི་ལག་རྩལ་རྒྱུན་འཛིན་པ་བེ་ཏུང་གི་ལག་རྗེས།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-24
ཀློག་གྲངས།:
སོག་རིགས་ཀྱི་ལག་བཟོའི་ཐོན་རྫས་ཀྱི་ལོ་རྒྱུས་རྒྱུན་རིང་ཞིང་། ལག་བཟོ་ཞིབ་ཚགས་ཆེ་ལ་སྒྱུ་རྩལ་དང་རིག་གནས་ཀྱི་རིན་ཐང་མཐོ་བར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ལ། སོག་པོའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། མཚོ་ནུབ་ཁུལ་གྱི་སོག་རིགས་སྲོལ་རྒྱུན་ལག་བཟོའི་རྒྱུན་འཛིན་པ་བེ་ཏུང་གིས་ལོ22སྟེང་ནས་བཟུང་རང་གི་ཕ་ལོའི་ལག་བཟོའི་ལག་རྩལ་ལ་སྦྱང་བ་ཕྱིས་ཕྱིན་པ་བྱས་པས། ད་བར་མཚོ་ནུབ་ཁུལ་དུ་མིང་དུ་གྲགས་པའི་ལག་བཟོའི་སྒྱུ་རྩལ་པ་རུ་གྱུར་ཡོད།
གསར་འགོད་པ་མཚོ་ནུབ་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་ཀྱི་ཁུལ་རིམ་པའི་སོག་རིགས་ལག་བཟོའི་ལག་རྩལ་རྒྱུན་འཛིན་པ་བེ་ཏུང་གི་ཕྱག་ལས་ཁང་དུ་སོང་བ་ན། འགྲེམ་སྟོན་སྟེགས་བུའི་ཐོག་མིག་ལ་མཛེས་པའི་རྟ་སྒ་དང་གཟེབ་ཤུབས། འབྲེང་ཐག་སོགས་གྲལ་བསྟར་བསྒྲིགས་ཡོད་ལ། འགྲེམ་སྟོན་སྟེགས་བུའི་སྟེང་དུ་ཤིང་དང་ལྕགས། ཀོ་བ་དང་ཚེམ་དྲུབ་སོགས་ལག་བཟོའི་རིགས་ཀྱི་ཡོ་བྱད་མང་པོ་གྲལ་འགྲིག་པོའི་ངང་བཞག་ཡོད་པ་མཐོང་། སྐུ་ཞབས་བེ་ཏུང་ལགས་ཀྱིས་བཀོལ་བའི་ཡོ་བྱད་འདི་དག་ལ་གཞིགས་ན། སོག་རིགས་ཀྱི་ལག་བཟོའི་ལག་རྩལ་གྱི་གོ་རིམ་ཞིབ་ཅིང་སྣ་མང་པོ་ཞིག་ཡོད་པ་རྟོགས་ཐུབ། སྒྲོག་ཙེ་ཞིག་གི་སྟེང་དུ་རི་མོ་མི་འདྲ་བ་སྣ་ཚོགས་ཡོད་པའི་ཀོ་བའི་རྒྱུ་ཆ་བཞག་ཡོད་ལ། བེ་ཏུང་གིས་འཚེམ་སྟེགས་བུའི་སྟེང་དུ་རྟ་སྒ་བཟོ་བཞིན་ཡོད། དབུས་ལམ་རྫོང་ཁི་ཁི་གྲོང་རྡལ་དུ་སྐྱེས་ཤིང་ལག་བཟོའི་སྒྱུ་རྩལ་ཁྱིམ་ཚང་གི་རྒྱུན་འཛིན་དུ་གྱུར་བའི་བེ་ཏུང་ལགས་ནི་ཁྱིམ་ཚང་འདིའི་ལག་བཟོའི་ལག་རྩལ་རྒྱུན་འཛིན་པ་མི་རབས་བཞི་པ་ཡིན་ལ། ཁོ་ལ་རྟ་ཡི་ཡོ་བྱད་ཐད་ཀྱི་བཟོ་རྩལ་ལ་སྤྲོ་བ་དང་འཇོན་ཐང་ཆེན་པོ་ཡོད། ཁོ་རང་ལོ12ཀྱི་སྟེང་དུ་རྟེའུ་ཕྲུག་དང་བེའུ་ཡི་ཞགས་ཐག་བཟོ་ཤེས་ཤིང་། དེའི་སྟེང་ཕ་ལོ་ཡིས་མཛུབ་ཁྲིད་ཞིབ་མོ་དང་རང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས།སོག་རིགས་ཀྱི་རྟ་ཡི་ཡོ་བྱད་རབ་དང་རིམ་པ་བཟོ་བར་མཁས་པའི་སྲོལ་རྒྱུན་ལག་བཟོའི་རྒྱུན་འཛིན་པར་གྱུར་བ་རེད། མཚོ་ནུབ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་རྟེན་གཞི་རུ་སོག་རིགས་ཀྱི་ཚེམ་དྲུབ་ལ་སྤྲོ་བ་ཡོད་ཅིང་སློབ་སྦྱོང་ལ་འབད་བཞིན་པའི་སློབ་གཉེར་བ་རིན་མཚོ་སྐྱིད་ནི་སྐུ་ཞབས་བེ་ཏུང་གི་ལག་བཟོའི་སྒྱུ་རྩལ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཞིག་ཡིན་ལ། ཁོ་མོའི་ནམ་རྒྱུན་སྐུ་ཞབས་བེ་ཏུང་གི་ལག་བཟོའི་ལག་རྩལ་ཉམས་མྱོང་ལ་འབད་བཞིན་ཡོད།
གཏེར་ལེན་གྲོང་ཁྱེར་གྱི་གྲོང་མི་རིན་མཚོ་སྐྱིད་ཀྱིས་བཤད་རྒྱུར། ང་རང་སྔོན་ཆད་ཞིག་ནས་ལག་བཟོ་ལ་ཧ་ཅང་དགའ་བོ་ཡོད། ད་ལྟ་ཡིན་ན་ཁོམ་ལོང་རེ་བྱུང་ཚེ་དགེ་རྒན་རྣམ་པའི་ལག་བཟོའི་ལག་རྩལ་ལ་སློབ་སྦྱོང་བྱས་པ་ཡིན། རེ་བ་ཡིན་ན་སྔ་མོ་ནས་ལག་རྩལ་འདི་ཤེས་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་རྩལ་འདི་མུ་མཐུད་དར་སྤེལ་དང་རྒྱུན་འཛིན་ཐུབ་པར་སྨོན་ཟེར།
ལོ་ངོ་སུམ་ཅུ་ལྷག་རིང་གི་ལག་ལེན་ཁྲོད། སྐུ་ཞབས་བེ་ཏུང་གིས་མུ་མཐུད་འཚོལ་ཞིབ་དང་སློབ་སྦྱོང་ལ་བརྟེན་ནས། ད་ལྟ་རྟ་ཡི་ཡོ་བྱད་བཟོ་བའི་ལག་རྩལ་ལ་བྱང་ཆ་དང་ཁྱད་ཆོས་ཡོད་ལ། ཁོ་རང་ལ་རྟ་ཡི་ཡོ་བྱད་བཟོ་བར་དུས་བཅད་བྱེད་མཁན་གྱི་མི་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། མིག་སྔར། ཁོའི་རྟ་ཡི་ཡོ་བྱད་རྣམས་ཕྱིར་འཚོང་བྱས་ཏེ། ཀན་སུའུ་དང་དང་སུའུ་པེ་སོགས་སུ་ཁྱབ་ཡོད་པ་རེད། སྐུ་ཞབས་བེ་ཏུང་ལགས་ནི་ལག་བཟོ་ལ་མཁས་པར་མ་ཟད། ད་རུང་སོག་པོའི་དམངས་གླུ་ལའང་དགའ་བོ་ཡོད་པ་ཞིག་ཡིན། ཁོ་རང་སྤྱི་ལོ2016ལོ་ནས་2018ལོའི་བར་དུ་མཚོ་ནུབ་ཁུལ་གྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་ཟིན་འགོད་ཀྱི་སོག་རིགས་དམངས་གླུའི་གསོ་སྦྱོང་འཛིན་གྲྭར་ཞུགས་ལ། དུས་མཚུངས་སུ། ལོ་དེའི་ཟླ་6པར། ཁོ་རང་དབུས་ལམ་རྫོང་གི་རྫོང་རིམ་པའི་སོག་རིགས་ཀྱི་གདངས་དབྱངས་རིང་པོའི་དམངས་གླུའི་རྒྱུན་འཛིན་པར་བདམས།
ཁུལ་རིམ་པའི་སོག་རིགས་ལག་བཟོའི་ལག་རྩལ་རྣམ་གྲངས་ཀྱི་ལག་བཟོའི་རྒྱུན་འཛིན་པ་བེ་ཏུང་གིས་བཤད་རྒྱུར། རྗེས་མ་རང་གི་བསམ་ཕྱོགས་ཡིན་ན་སྲོལ་རྒྱུན་ལག་བཟོ་དང་དེང་རབས་ལག་རྩལ་གཉིས་མཉམ་བསྲེས་སྒོས་རང་མི་རིགས་ཀྱི་ལག་བཟོའི་ཐོན་རྫས་མང་པོ་ཁྲོམ་རར་འགྲོ་ཐུབ་པར་འབད་དེ། མི་མང་པོ་ཞིག་གིས་ང་ཚོའི་རིག་གནས་འདི་ལ་རྒྱུས་ལོན་དང་སློབ་སྦྱོང་། རྒྱུན་འཛིན་དང་དར་སྤེལ་སོགས་ལ་ཅི་ནུས་ཀྱིས་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

འབྲེལ་ཡོད་འོས་སྦྱོར།