༄༅།།འབྲི་ཆུའི་འགྲམ་གྱི་གནའ་བོའི་བཟོ་བཀོད། མེས་པོའི་ལག་རྩལ་གྱི་བང་མཛོད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2021-04-25
ཀློག་གྲངས།:

རྡོ་ལེབ་བརྩིགས་ཏེ་ཕྱི་མཁར་བྱེད་པ་དང་འདམ་བག་བརྫིས་ཏེ་ཁང་ཀླད་འགེབ་པ། ལོ་ཟླའི་ཆར་རླུང་ནང་ལ་རྙིང་རལ་དུ་གྱུར་པའི་སྒོ་དང་སྒེའུ་ཁུང་། ད་དུང་ཕྱིར་འབུར་ཡོད་པའི་བྱ་འདབ་སོགས་མཐོང་ཡོང་ན། མིའི་སེམས་ལ་གནའ་བོའི་རྣམ་པ་ཞིག་དང་བརྗིད་ཉམས་ལྡན་པ་ཞིག ངོ་མཚར་བའི་ཉམས་ཤིག་བཅས་དབང་མེད་དུ་སྟེར་ཡོང་།

སྲ་ཞིང་མཁྲེགས་པའི་རྡོ་ལེབ་སྤྱིར་བཏང་བ་རེ་རེ་བོད་པ་མང་ཚོགས་ཀྱི་ལག་ཏུ་ཐོན་ཚེ། དེ་དག་ནི་ཚགས་དམ་ལ་གོ་རིམ་ལྡན་ཞིང་ཡིད་འོང་མཛེས་ཉམས་དོད་པའི་རྩིག་ལས་བཟོ་བཀོད་ཀྱི་སྒྱུ་རྩལ་ཁྱད་འཕགས་ཤིག་ཏུ་གྱུར་ནས་འོད་སྟོང་འབར་བཞིན་ཡོད།

གཞིས་ཀ་དེ་ནི་ཐོག་ཁང་གསུམ་ཅན་ཞིག་ཡིན་ལ། འོག་ཁང་ཏུ་གཟན་ཆས་དང་སོ་ནམ་ཡོ་བྱད་སོགས་ཡོད་ཅིང་། ཉིས་ཐོག་ཏུ་མི་སྡོད་ས་དང་མཆོད་ཁང་། ཇ་ཁང་། ཁྱམས་ར་བཅས་འདུག སུམ་ཐོག་གི་ཁང་བ་ནི་འོག་ཁང་དང་ཉིས་ཐོག་གཉིས་ལས་ཆུང་ཞིང་དམའ་བར་མ་ཟད། ད་དུང་གྱང་དང་སྒེའུ་ཁུང་། གནམ་ཤིང་། སྐས་རྐང་གཅིག་མ་བཅས་རང་བཞིན་དུ་སྣང་བ་ལས་ཚོན་རྩི་སོགས་ཅི་ཡང་བྱུགས་མེད་པ་རེད།

བཟོ་ལས་ཅན་དང་གྲོང་ཁྱེར་ཅན་གྱི་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། འབྲི་ཆུའི་བཞུར་ཁོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་ནུབ་པ་དང་སྟོང་བར་འགྱུར་བའི་གནས་སུ་ལྷུང་ཡོད་ནའང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་ལེན་བསྟར་བ་ན། ཡུལ་ཤུལ་ཁུལ་གྱིས་གནའ་བོའི་གྲོང་ཚོ་སྲུང་སྐྱོབ་ཀྱི་ཕྱོགས་ནས་མི་ཤུགས་དང་དངོས་ཤུགས་མང་དུ་བཏང་ནས་ཐུབ་ཚོད་ནུས་ཚོད་ཀྱིས“རྙིང་བ་རྙིང་བ་ལྟར་ཞིག་གསོ་བྱེད་པ”ཡི་ཚད་གཞི་ལག་ལེན་བསྟར་ཡོད་པས། གཞི་རྩའི་ཆ་ནས་གནའ་བོའི་གྲོང་ཚོ་ཡི་རྣམ་པ་སོར་འཇོག་ཐུབ་ནས་བོད་ཀྱི་གནའ་བོའི་གྲོང་ཚོ་ཡི་བཟོ་བཀོད་ཀྱི་སྲུང་སྐྱོབ་ཆུ་ཚད་གསར་བ་ཞིག་ལ་ཐོན་དང་ཐོན་བཞིན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།