གཙགས་དྲུབ་རྒྱུན་འཛིན་མཁན། ལྷ་མོ་གཡུ་སྒྲོན།
རྩོམ་པ་པོ།:
ཡོང་ཁུངས།:ཀོས་ནན་སྲིད་དོན།
དུས་ཚོད།:2022-05-07
ཀློག་གྲངས།:
ཁབ་ཀྱིས་རི་མོ་བྲིས། ཐིག་གིས་བརྩེ་བ་བསྐུར། མོ་ནི་མི་ཚེ་གང་བོར་གཙགས་དྲུབ་ཀྱི་ལས་ལ་བརྩོན་ཞིང་ལག་ཟུང་གཉིས་ལ་བརྟེན་ནས་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་གཙགས། མོའི་གཙགས་དྲུབ་ཕྱིའི་རྒྱལ་ཁབ་དང་འཛམ་གླིང་གི་ཕུན་སུམ་ཚོགས་པའི་རིག་གནས་དང་མཉམ་འདྲེས་བྱུང་ཡོད། མོ་ནི་ཀོས་ནན་གཙགས་དྲུབ་རྒྱུན་འཛིན་མ་སྣ་སྟེ་ལྷ་མོ་གཡུ་སྒྲོན་ལགས་རེད།
ལྷ་མོ་གཡུ་སྒྲོན། མོ། བོད་རིགས། 1986ལོའི་ཟླ9པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་བྱ་མདོ་ཤང་སྡེ་མང་སྡེ་བའི་བོད་ཀྱི་གཙགས་དྲུབ་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། ལོ་ངོ20རིང་ལ་གཙགས་དྲུབ་ཀྱི་ལས་ཀ་གཉེར། སྔ་རྗེས་སུ་མཚོ་ལྷོ་ཁུལ་གྱི་བཟོ་རྩལ་མཛེས་རྩལ་མཁས་པ་དང་། མཚོ་ལྷོ་ཁུལ་གྱི་ལག་ཤེས་པ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གཉིས་པའི་དམངས་ཁྲོད་བཟོ་རྩལ་མཛེས་རྩལ་མཁས་ཅན། མཚོ་ལྷོ་ཁུལ་གྱི་དངོས་པོ་མ་ཡིན་པའི་བོད་ཀྱི་གཙགས་དྲུབ་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། མཚོ་སྔོན་ཞིང་ཆེན་དངོས་པོ་མ་ཡིན་པའི་བོད་ཀྱི་གཙགས་དྲུབ་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་པ་རེད། ད་ལྟ་ཕ་རིན་ཆེན་རྒྱལ་གྱིས་བཙུགས་པའི་ཀོས་ནན་རྫོང་རིན་ཆེན་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིའི་གཙགས་དྲུབ་གསོ་སྦྱོང་ལག་རྩལ་མི་སྣ་དང་དེ་བཞིན་མཚོ་ལྷོ་ཁུལ་ཚོན་མདོག་སྣ་ལྔའི་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་ཚད་ཡོད་ཀུང་ཟིའི་སྤྱིའི་ལག་རྩལ་ལྟ་སྐུལ་བའི་འགན་འཁུར་ཡོད།
ཁོ་མོ་ཆུང་དུས་ནས་རྨོ་མོ་དང་ཨ་མའི་རྗེས་སུ་འབྲངས་ནས་གཙགས་དྲུབ་སྦྱངས་པ་དང་། 2006ལོར་ཨ་ཕས་བཙུགས་པའི་བོད་ཀྱི་གཙགས་དྲུབ་ཀུང་ཟིར་སོང་ནས་བྱ་བ་བསྒྲུབས། 2015ལོའི་ཟླ་དང་པོར་ལྷ་མོ་གཡུ་སྒྲོན་ཁུལ་རིམ་པའི་དམངས་ཁྲོད་བཟོ་རྩལ་མཁས་ཅན་དུ་བདམས་པ་དང2018ལོའི་ཟླ8པར་ཁུལ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་པ་རེད། 2019ལོར་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་པ་དང་། མོས་གཙགས་དྲུབ་བརྩམས་ཆོས༼ཤཱཀྱ་མི་ནེ༽ཞེས་པར2010ལོའི་ཟླ10པར་སྐབས་དང་པོའི་ཀྲུང་གོའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་དངོས་མང་ཚོགས་སྟོན་གྱི་སྟེང་ཟངས་ཀྱི་བྱ་དགའ་ཐོབ། གཙགས་དྲུབ་བརྩམས་ཆོས༼ཕྱག་སྟོང་སྤྱན་སྟོང་གི་སྤྱན་རས་གཟིགས༽ཞེས་པར2014ལོའི་ཟླ5པར་ཀྲུང་གོའི(ཧྲིན་ཀྲན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཚོགས་སྟོན་ཐོག་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་ཀྱི་བྱ་དགའ་ཐོབ་པ་དང་འབྲེལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཉར་ཚགས་གནང་། 2015ལོའི་ཟླ7པར་ཀྲུང་གོའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་འབྲེལ་ཡོད་བསླབ་ཚན་གྱི་སློབ་སྦྱོང་ལེགས་སྒྲུབ་བྱས་ཤིང་། བོད་ཀྱི་གཙགས་དྲུབ་བརྩམས་ཆོས༼འབྲོག་པ་དང་བོད་ཁྱི༽ཞེས་པར2015ལོའི་ཟླ8པར་སྐབས་བཅུ་གསུམ་པའི་མཚོ་སྔོན་རིག་གནས་ཡུལ་སྐོར་ཚོང་ཟོག་གསར་གཏོད་འགྲན་བསྡུར་ཆེན་མོའི་ཁྲོད་གསེར་གྱི་བྱ་དགའ་ཐོབ། 2016ལོའི་ཟླ8པར་གཙགས་དྲུབ་བརྩམས་ཆོས༼ཇ་རྟའི་གནའ་ལམ༽ཞེས་པར2016ལོའི་ཀྲུང་གོའི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོའི་ཁྲོད་ཟངས་ཀྱི་བྱ་དགའ་ཐོབ། 2017ལོའི་གཙགས་དྲུབ་བརྩམས་ཆོས༼ཆུ་ལེན་བུ་མོ༽ཞེས་པར་རབ་མཛེས་མཚོ་སྔོན་གྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོའི་ཡུལ་སྐོར་བཟོ་རྩལ་ཐོན་རྫས་རིགས་ཀྱི་ཟངས་ཀྱི་བྱ་དགའ་ཐོབ། 2018ལོའི་ཟླ4པར་གཙགས་དྲུབ་བརྩམས་ཆོས༼ནོར་ལྷ༽ཞེས་པར་སྐབས་བཅུ་གསུམ་པའི་ཀྲུང་གོའི(དབྱི་ཝུའུ)རིག་གནས་ཐོན་རྫས་ཉོ་ཚོང་འདུ་ཚོགས་ཀྱི་བཟོ་རྩལ་མཛེས་རྩལ་དངུལ་གྱི་བྱ་དགའ་ཐོབ། 2018ལོའི་ཟླ4པར་གཙགས་དྲུབ་བརྩམས་ཆོས༼དུས་འཁོར་རྡོ་རྗེ༽ཞེས་པར་སྐབས་གསུམ་པའི་ཀྲུང་གོའི(ཝུའེ་ཧྥང)དམངས་ཁྲོད་སྒྱུ་རྩལ་དངོས་མང་ཚོགས་སྟོན་གྱི་གསེར་གྱི་བྱ་དགའ་ཐོབ། 2018ལོའི་ཟླ7པར་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཙགས་དྲུབ་འགྲན་བསྡུར་ཆེན་མོ་སྐབས་དང་པོའི་ཁྲོད་གཙགས་དྲུབ་བརྩམས་ཆོས་ལ་འགྲན་བསྡུར་ཆེན་མོའི་དཔྱད་འདེམས་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་བུད་མེད་ཀྱི་ལས་གཏོད་བྱ་དགའ་ཐོབ། 2018ལོའི་ཟླ5ཚེས21ཉིན་ནས2018ལོའི་ཟླ5ཚེས25ཉིན་བར་ནུབ་རྒྱུད་ཞིང་ཆེན་གསུམ་གྱི་བུད་མེད་ལག་ཤེས་བཟོ་རྩལ་རྐང་འཛིན་གསོ་སྦྱོང་ནང་ཞུགས་ནས་སྦྱང་ཚན་མཐའ་དག་ལེགས་སྒྲུབ་བྱས་ཏེ་བདེ་བླག་ངང་སློབ་མཐར་ཕྱིན། 2018ལོའི་ཟླ9ཚེས19ཉིན་ནས2018ལོའི་ཟླ9ཚེས27ཉིན་བར་ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་བསྡུས་པའི་ཀྲུང་གོའི་གཙགས་དྲུབ་སྒྱུ་རྩལ་གྱི་ན་གཞོན་མཐོ་རིམ་ཤེས་ལྡན་མི་སྣའི་ཞིབ་འཇུག་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས། 2019ལོའི་ཟླ3པར་སྐབས་གཉིས་པའི་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་ལག་ཤེས་ཐོན་རྫས་མཐུན་ཚོགས་ཀྱི་ཚོགས་མིར་བདམས། 2019ལོའི་ཟླ5ཚེས20ཉིན་གཙགས་དྲུབ་བརྩམས་ཆོས༼ནོར་ལྷ༽ཞེས་པར་སྐབས་བཅོ་ལྔ་པའི་ཀྲུང་གོའི(ཧྲིན་ཀྲན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཚོགས་སྟོན་ཉོ་ཚོང་ཚོགས་འདུའི་ཐོག་ཀྲུང་གོ་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་བྱ་དགའི་དངུལ་གྱི་བྱ་དགའ་ཐོབ། 2019ལོའི་ཟླ9པར་གཙགས་དྲུབ་བརྩམས་ཆོས༼ཕྱག་སྟོང་སྤྱན་སྟོང་གི་སྤྱན་རས་གཟིགས༽ཞེས་པར་ཧྲན་ཏུང་རྒྱལ་སྤྱིའི་མང་ཚོགས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པ་དང2019ལོའི་ཧྲན་ཏུང་ཞིང་ཆེན་དམངས་སྲོལ་རིག་གནས་དངོས་མང་ཚོགས་སྟོན་གྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་རྩེར་སོན་བྱ་དགའ་ཐོབ། 2019ལོའི་ཟླ་དགུ་པར་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞོན་ནུའི་གཙགས་དྲུབ་འགྲན་བསྡུར་ཆེན་མོའི་ཁྲོད་བརྩམས་ཆོས་ལ་རིམ་པ་དང་པོའི་བྱ་དགའ་ཐོབ། 2019ལོའི་ཟླ12པར་གཙགས་དྲུབ་བརྩམས་ཆོས༼ནོར་ལྷ༽ཞེས་པར་སྐབས་བརྒྱད་པའི་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ། 2019ལོའི་ཟླ12པར་གཙགས་དྲུབ་བརྩམས་ཆོས༼ལེ་བར་སྟོང་གི་མཛའ་འབྲེལ༽ཞེས་པ་ཕྱི་འབྲེལ་པུ་ཡི་མཚོ་སྔོན་གྱི་གོ་ལ་ཧྲིལ་པོར་འོས་སྦྱོར་བྱས་པའི་བྱེད་སྒོའི་སྟེང་འགྲེམས་སྟོན་བྱས། 2020ལོའི་ཟླ9པར་མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞོན་ནུའི་གཙགས་དྲུབ་འགྲན་བསྡུར་ཆེན་མོའི་ཁྲོད་བརྩམས་ཆོས་ལ་རིམ་པ་གཉིས་པའི་བྱ་དགའ་ཐོབ། 2020ལོའི་ཟླ12པར་མཚོ་ལྷོའི་ལག་ཤེས་པའི་གཟི་བརྗིད་མཚན་སྙན་སྤྲད། 2020ལོའི་ཟླ3པར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རྣམ་གྲངས་ཀོས་ནན་བོད་ཀྱི་གཙགས་དྲུབ་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་ཤིང་། 2021ལོར་ཁུལ་ཡོངས་ཀྱི་ཡར་ཐོན་གཞོན་ནུ་བཟང་པོའི་གཟི་བརྗིད་མཚན་སྙན་གནང་བ་རེད།
2017ལོར་ལྷ་མོ་གཡུ་སྒྲོན་གྱིས་བོད་ཀྱི་གཙགས་དྲུབ་དང་བོད་ཀྱི་སྲོལ་རྒྱུན་གཙགས་དྲུབ་ཀྱི་ལག་རྩལ་ཟུང་འབྲེལ་བྱས་ནས་རང་གིས་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་ཀྱི་གཙགས་དྲུབ་ཐོན་རྫས་ཏེ་བོད་ཀྱི་གཙགས་དྲུབ་ཞིམ་སྤོས་ཁུག་མ་སོགས་ཀྱི་ཐོན་རྫས་ལ2015ལོའི་རབ་མཛེས་མཚོ་སྔོན་གྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོའི་ཡུལ་སྐོར་དྲན་རྟེན་དངོས་རྫས་ཀྱི་དངུལ་གྱི་བྱ་དགའ་ཐོབ་པ་རེད། དཔལ་འབྱོར་གྱི་ཕན་འབྲས་ཐོན་པ་དང་མཉམ་དུ་མོས་འཚོ་བར་དཀའ་ངལ་ཡོད་པའི་ལས་ཤོར་ལས་བཟོ་པ་དང་། གྲོང་གསེབ་ཀྱི་བུད་མེད་དང་ཉམས་ཞན་ཚོགས་སྤྱི་བཅས་ལ་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས། ལག་རྩལ་སློབ་སྦྱོང་དང་། རྩལ་ནུས་ཁོང་དུ་ཆུད་པ། འབབ་འཕར་ལས་གཏོད་བཅས་ཀྱི་ལས་སྟེགས་བསྐྲུན་པ་རེད། ལས་བཟོ་བ་མང་པོ་ཞིག་གིས་གསོ་སྦྱོང་བྱས་རྗེས། རང་ཉིད་ཀྱིས་ཚོང་ཁང་བཙུགས་ནས་དཔལ་འབྱོར་གྱི་ཡོང་འབབ་འཕར་སྣོན་བྱུང་ཡོད་ལ། རིམ་རྩིས་བྱས་ན་ལས་ཞུགས་མི་སྣ1000ལྷག་ལ་གསོ་སྦྱོང་བྱས་པ་དང་། ཟླ་རེར་ཡོང་འབབ་སྒོར3000ཡན་ཟིན་ཡོད་པ་རེད། བོད་ཀྱི་གཙགས་དྲུབ་ལས་རིགས་ཐོན་ལས་ཅན་དང་ཁྲོམ་ར་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་དེ་བས་ལེགས་པའི་ཆ་རྐྱེན་བསྐྲུན་ཡོད། མོས་ཡེ་ཤེས་སྒྲོལ་མ་དང་ཧྲི་ཡུས་ཤིའུ། དཔལ་གཡང་སྐྱིད། དཔའ་སྐྱིད་སྒྲོལ་མ་སོགས་ལག་རྩལ་བྱང་ཆུབ་པའི་སློབ་མ་ཉི་ཤུ་ལྷག་ཙམ་གསོ་སྐྱོང་བྱས། ལྷ་མོ་གཡུ་སྒྲོན་གྱི་འབད་བརྩོན་འོག་བོད་ཀྱི་གཙགས་དྲུབ་ཐོན་ལས་ནང་ཞུགས་མཁན་གྱི་བུད་མེད་ཡང་ཇེ་མང་དུ་ཕྱིན་ནས། བོད་ཀྱི་གཙགས་དྲུབ་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
ལྷ་མོ་གཡུ་སྒྲོན་དང་མོའི་ཕ་རིན་ཆེན་རྒྱལ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཉེ་འཁོར་གྱི་མི་རྣམས་ལ་རོགས་རམ་བྱེད་ཀྱིན་ཡོད། 2012ལོར་མགོ་ལོག་ཁུལ་རྨ་ཆེན་རྫོང་འགན་སྲུང་ཁྱིམ་ཚང་གི་མི120ལ་བོད་ལྭ་ཆ་ཚང120བྱིན་པ་དང་རིན་ཐང་སྒོར་ཁྲི8.4ཟིན། 2013ལོར་ཀོས་ནན་རྫོང་བྱ་མདོ་ཤང་ཚྭ་རྔ་དགོན་གྱི་གྲྭ་བ55ལ་གྲྭ་ལྭ་ཆ་ཚང་རེ་བྱིན་པ་དང་རིན་ཐང་སྒོར་ཁྲི9ལྷག་ཟིན། 2013ལོར་ཀོས་ནན་རྫོང་བྱ་མདོ་ཤང་གི་སྡེ་བ3གྱི་དབུལ་ཕོངས་ཁྱིམ་ཚང33ལ་བོད་ལྭ་ཆ་ཚང་རེ་དང་སྒོར50རེ་བྱིན་པ་དང་ཁྱོན་རིན་ཐང་སྒོར་ཁྲི2.4ལྷག་ཟིན། 2013ལོར་སྐུ་འབུམ་བྱམས་པ་གླིང་གི་མཛེས་ལྗོངས་ཁུལ་ལ་བོད་ཀྱི་གཙགས་དྲུབ་ཐོན་རྫས68ཞལ་འདེབས་སུ་ཕུལ་བ་དང་སྤྱིའི་རིན་ཐང་སྒོར་ཁྲི5.8ཟིན། 2014ལོར་ཀོས་ནན་རྫོང་བྱ་མདོ་ཤང་སྡེ་མང་སྡེ་བའི་རྒན་པ28ལ་སྒོར500དང་ཇ་ཐུམ་རེ་སྦྱིན་པ་དང་ཁྱོན་སྒོར་ཁྲི1.4ལྷག་བྱིན། 2015ལོའི་ཟླ1པོར་ཀོས་ནན་རྫོང་སྡེ་མང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང3ལ་བོད་ལྭ་ཆ་ཚང9བྱིན་པ་དང་རིན་ཐང་སྒོར680ཟིན། 2021ལོའི་ཟླ4ཚེས7ཉིན་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་འགན་སྲུང་ཁྱིམ་ཚང་ལ་བོད་ལྭ100ཞལ་འདེབས་སུ་ཕུལ་བ་དང་རིན་ཐང་སྒོར་ཁྲི3.63ཟིན་ཡོད་ཅིང་། རིམ་རྩིས་བྱས་ན་སྔ་རྗེས་སུ་ཁྱོན་སྡོམ་སྒོར་ཁྲི31.26ལྷག་གི་ཞལ་འདེབས་ཕུལ་བ་རེད།
གཙགས་དྲུབ་ཀྱི་བྱ་བ་གཉེར་བའི་ལོ་ངོ་བཅུའི་རིང་། ལྷ་མོ་གཡུ་སྒྲོན་གྱིས་བོད་ཀྱི་གཙགས་དྲུབ་ཐོན་ལས་ཀྱི་ཡིད་དབང་འཕྲོག་ཤུགས་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་འོད་སྟོང་ལྡན་པ་ཚོར་ཞིང་། འགན་འཁྲི་ལྕི་མོ་དང་ལས་གཏོད་ཀྱི་དཀའ་ཚེགས་ཀྱང་གསལ་བོར་ཤེས་ཡོད། ཐོག་མཐའ་བར་གསུམ་དུ་བོད་ཀྱི་གཙགས་དྲུབ་ཐོན་ལས་རྒྱ་ཆེ་རུ་གཏོང་དགོས་ན་ཐོན་རྫས་ཇུས་འགོད་དང་སྤུས་ཀ རིགས་སྣ་སོགས་ཚང་མར་ལེགས་ཐོག་ལེགས་འཚོལ་བྱེད་དགོས་ཤིང་། ཆང་བཟང་ན་ཚོང་ལམ་ཆེ་ཆུང་ལ་སྐྲག་མི་དགོས་ཞེས་པ་ནང་བཞིན་ཐོག་མར་ཏན་ཏན་ཏིག་ཏིག་གིས་ཐོན་རྫས་ཡག་པོ་བཟོ་དགོས་པ་དང་། དེ་རྗེས་གཞི་ནས་ཁྲོམ་ར་གཉེར་རྒྱུའི་བསམ་བློ་གཏོང་དགོས། དེ་འདྲ་མ་བྱས་ན་ཕུལ་བྱུང་གི་ཁྲོམ་རའི་བྲིན་ཚོང་གིས་བོད་ཀྱི་གཙགས་དྲུབ་ཐོན་ལས་ཀྱི་སྙན་གྲགས་ཆུང་དུ་འགྲོ་སྲིད། ཁེ་ལས་པར་འགན་འཁྲི་འཁུར་སེམས་དང་དད་སེམས་ཡོད་དགོས་ལ། རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་འཁྱེར་ནས་དགོས་ངེས་ཀྱི་འགན་འཁྲི་འཁུར་ཏེ་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་བོད་ཀྱི་གཙགས་དྲུབ་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས།
འབྲེལ་ཡོད་འོས་སྦྱོར།