སོར་རྩེའི་སྒྱུ་རྩལ་ཏེ་མཚོ་ལྷོའི་གཙག་དྲུབ།
རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-08-04
ཀློག་གྲངས།:

གཙག་དྲུབ་བྱེད་བཞིན་པའི་བོད་པའི་བུ་མོ།
ཟླ8པའི་ཚེས1ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བོད་ཀྱི་གཙག་དྲུབ་སྒྱུ་རྩལ་ལ་པར་བླངས། བོད་ཀྱི་གཙག་དྲུབ་ནི་དུས་རབས9པར་བྱུང་བ་དང་། ཐང་ག་དང་གོས་དྲུབ་བཅས་གསུམ་ལ་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཆེན་མོ་གསུམ་གྱི་མཚན་སྙན་ལྡན་ཞིང་། ཀྲུང་གོའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་རིག་གནས་ཁྲོད་ཆེས་ཁྱད་ཆོས་ལྡན་པའི་གཙག་དྲུབ་རིགས་ཤིག་ཡིན། བོད་ཀྱི་གཙག་དྲུབ་ཀྱི་སྒྱུ་རྩལ་མཚོན་ཚུལ་རྣམ་པ་དང་ལག་རྩལ། ས་ཁུལ་གྱི་ཁྱད་པར་སོགས་ལ་གཞིགས་ཏེ་ཕྱོགས་ཁག་ཁ་ཤས་སུ་དབྱེ་ཡོད་དེ། དེའི་ནང་མཚོ་ལྷོའི་གཙག་དྲུབ་ནི་གཙོ་བོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀོས་ནན་ས་ཁུལ་དང་གུང་ཧོ་གཤོང་ས་གཙོ་ཡིན་པའི་ཞིང་ལས་ས་ཁུལ་དུ་ཁྱབ་ཡོད།

གཙག་དྲུབ་བྱེད་བཞིན་པའི་བོད་པའི་བུ་མོ།

གཙག་དྲུབ་བརྩམས་ཆོས།

གཙག་དྲུབ་བརྩམས་ཆོས།

གཙག་དྲུབ་བརྩམས་ཆོས།

གཙག་དྲུབ་བརྩམས་ཆོས།
འབྲེལ་ཡོད་འོས་སྦྱོར།