logo

«མང་རྫོང་བོད་ལུགས་གཙགས་དྲུབ་ཀྱི་འགྲེམ་སྟོན་ཆེན་མོ»ཞེས་པའི་རྩོམ་སྒྲིག་བྱ་བའི་མགོ་ཚུགས་མཛད་སྒོ་མང་རྫོང་དུ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2023-12-21 ཀློག་གྲངས།:
       ཉེ་སྔོན། «མང་རྫོང་བོད་ལུགས་གཙགས་དྲུབ་ཀྱི་འགྲེམ་སྟོན་ཆེན་མོ»ཞེས་པའི་རྩོམ་སྒྲིག་བྱ་བའི་མགོ་ཚུགས་མཛད་སྒོ་དང་རྩོམ་སྒྲིག་ཚོགས་པའི་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་མང་རྫོང་དུ་འཚོགས་པ་རེད། མང་རྫོང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། མང་རྫོང་རིག་གནས་ཡུལ་སྐོར་ཅུའུ། རིག་གནས་ཁང་།མང་རྫོང་གི་བོད་ལུགས་གཙགས་དྲུབ་མཐུན་ཚོགས།མང་རྫོང་བོད་ལུགས་གཙགས་དྲུབ་རྒྱུན་འཛིན་པ་དང་དེ་བཞིན་རྒྱུན་འཛིན་སྡེ་བའི་འཐུས་མི་ཁག་ཅིག་བཅས་ཁྱོན་མི20ལྷག་བརྟག་ཞིབ་བཞུགས་མོལ་ཚོགས་འདུར་ཞུགས། ཚོགས་འདུའི་ཐོག་འགན་འཁུར་བས«མང་རྫོང་བོད་ལུགས་གཙགས་དྲུབ་ཀྱི་འགྲེམ་སྟོན་ཆེན་མོའི»རྩོམ་སྒྲིག་བྱ་བའི་ཐོག་མའི་བསམ་གཞི་དང་དོན་སྙིང་གལ་ཆེན་ངོ་སྤྲོད་བྱས་པ་དང་། «མང་རྫོང་བོད་ལུགས་གཙགས་དྲུབ་ཀྱི་འགྲེམ་སྟོན་ཆེན་མོ»ཞེས་པ་དེ་ནི་མང་རྫོང་བོད་ལུགས་གཙགས་དྲུབ་ལ་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་བྱས་ནས་གཙགས་དྲུབ་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་། ལག་རྩལ་རྒྱུན་འཛིན། རིག་གནས་ནང་དོན། སྒྱུ་རྩལ་རིན་ཐང་བཅས་མངོན་པའི་གོ་སྐབས་བཟང་པོ་ཞིག་ཡིན་ལ། མང་རྫོང་བོད་ལུགས་གཙགས་དྲུབ་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་རོང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱ་རྒྱུའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།
       དགེ་རྒན་ཆེན་མོ་ཀའོ་ལི་ཡིས«མང་རྫོང་བོད་ལུགས་གཙགས་དྲུབ་ཀྱི་འགྲེམ་སྟོན་ཆེན་མོའི»སྐོར་གྱི་འཆར་གཞི་དང་དེ་བཞིན་རྩ་གནད་འབྲི་བར་རྒྱས་བཤད་དང་གསལ་འགྲེལ་བྱས་པ་དང་། མང་རྫོང་དུ་དུས་ཡུན་རིང་བ་དང་། འོད་སྟོང་འཕྲོ་བ། སྣ་མང་བཅས་ཀྱི་རིག་གནས་ལྡན་ཡོད་དེ། གཙགས་དྲུབ་ནི་དེའི་ཁྲོད་ཀྱི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུ་ཡིན་པས་རྣམ་གྲངས་འདིའི་ཞིབ་འཇུག་གྲུབ་འབྲས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་མང་རྫོང་བོད་ལུགས་གཙགས་དྲུབ་རྣམ་གྲངས་ལ་ཞིབ་འཇུག་དང་། རྒྱུན་འཛིན། སྲུང་སྐྱོང་། འཕེལ་རྒྱས། གསར་གཏོད་བཅས་ཀྱི་ཐད་དོན་དངོས་ཡིག་ཆ་དང་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་དང་། མཚོ་སྔོན་གྱི་རོང་འབྲོག་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ལག་ལེན་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་ཡོད།
       བཞུགས་མོལ་ཚོགས་འདུའི་ཐོག་རྩོམ་སྒྲིག་ཚོགས་པས་ཐེངས་འདིའི་བརྟག་ཞིབ་ཀྱི་འཆར་གཞི་དང་། དམིགས་ཚད། ལས་འགན་བཅས་དང་། མང་རྫོང་གི་འབྲེལ་ཡོད་ཚན་པས་གཞོགས་འདེགས་བྱེད་དགོས་པའི་བྱ་བའི་ཐད་འགྲེལ་བཤད་དང་གསལ་བཤད་བྱས་ཡོད། ཚོགས་ཞུགས་མི་སྣས«མང་རྫོང་བོད་ལུགས་གཙགས་དྲུབ་ཀྱི་འགྲེམ་སྟོན་ཆེན་མོ»རྩོམ་རྒྱུ་དེ་ནི་བོད་ལུགས་གཙགས་དྲུབ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་བོད་ལུགས་གཙགས་དྲུབ་དྲིལ་བསྒྲགས་ཁྱབ་གདལ་གཏོང་རྒྱུར་ཕན་པའི་བྱ་བ་བཟང་པོ་ཞིག་ཡིན་པས་ཚང་མས་རྩོམ་སྒྲིག་ཚོགས་པར་གཞོགས་འདེགས་ཧུར་ཐག་བྱས་ནས་བརྟག་ཞིབ་ལས་དོན་ཡག་པོ་བསྒྲུབས་ཏེ«མང་རྫོང་བོད་ལུགས་གཙགས་དྲུབ་ཀྱི་འགྲེམ་སྟོན་ཆེན་མོ»དེ་བས་ལེགས་ལ་མྱུར་བའི་ངང་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། མང་རྫོང་བོད་ལུགས་གཙགས་དྲུབ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
འབྲེལ་ཡོད་འོས་སྦྱོར།