གཅིན་སྙི་ཟ་ཁུའི་ནད་པས་འོས་འཚམ་སྒོས་ཀལ་ཁ་གསབ་བྱེད་དགོས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར།
དུས་ཚོད།:2018-04-04
ཀློག་གྲངས།:
གཅིན་སྙི་ཟ་ཁུའི་ནད་པར་ཀུན་གྱིས་ཤེས་པའི“མང་གསུམ་ཉུང་གཅིག”གི་ནད་རྟགས་ལས་གཞན་ད་རུང་། “སོབ་གཅིག”གི་ནད་རྟགས་འབྱུང་བའང་ཧ་ཅང་རྒྱུན་མཐོང་ཡིན། སོབ་གཅིག་ཅེས་པ་ནི་རུས་སོབ་ལ་གོ་ཞིང་། གཅིན་སྙི་ཟ་ཁུའི་ནད་པར་རུས་སོབ་ཀྱི་ནད་འབྱུང་སླ་བའི་རྒྱུན་རྐྱེན་ནི། གཙོ་བོ་མངར་བཅུད་མཐོ་ན་རུས་འགྱུར་ཕྲ་ཕུང་ལ་གནོད་འཚེ་ཐེབས་ཏེ། རུས་རྒྱུའི་འབོར་ཚད་མྱུར་དུ་ཇེ་ཉུང་དུ་འགྲོ་བ་དང་། རུས་པའི་སྐྱེ་ཚད་ལ་ཟད་ཚད་མཐོ་བའི་དབང་གིས་བྱུང་བ་རེད། གལ་ཏེ་དུས་རྒྱུན་དུ་ཁྲག་ཧྭགས་ལ་ཚོད་འཛིན་བྱེད་མ་ཐུབ་ན། ཁྲག་རྩའི་བསྡོངས་ནད་འབྱུང་སླ་བར་མ་ཟད། རུས་པ་གསར་བརྗེ་བྱེད་པར་ཡང་མི་ཕན་པ་རེད། དེ་བས་ཁྲག་ཧྭགས་ལ་ཚོད་འཛིན་དང་བསྡོངས་ནད་སྔོན་འགོག་བྱེད་རྒྱུ་ནི། རུས་སོབ་ནད་སྔོན་འགོག་བྱེད་སྟངས་གལ་ཆེན་ཞིག་ཡིན།
རུས་སོབ་ཀྱི་ནད་འབྱུང་བ་ནི་ད་རུང་མིའི་ལུས་སྟེང་གི་ཀལ་དང་འཚོ་བཅུདDམི་འདང་བ་དང་སྐུལ་རྒྱུའི་ཆུ་ཚད་ཇེ་དམའ་རུ་སོང་བ་སོགས་ལའང་འབྲེལ་བ་དམ་པོ་ཡོད་པས། ཀལ་དང་འཚོ་བཅུདDཁ་གསབ་བྱེད་རྒྱུ་དེ་ཡང་རུས་སོབ་ཀྱི་ནད་གསོ་བཅོད་བྱེད་སྟངས་གལ་ཆེན་ཞིག་ཡིན། ཀལ་ལ་རིགས་མི་འདྲ་བ་སྣ་ཚོགས་ཡོད་ལ། མིག་སྔར་ཆེས་བསྡུ་ལེན་བྱེད་སླ་བ་ནི་ཐྭན་སྐྱུར་ཀལ་རེད། གཅིན་སྙི་ཟ་ཁུའི་ནད་པས་རང་ཉིད་ཀྱི་ནད་གཞི་ལྟར་སྨན་པའི་མཛུབ་སྟོན་འོག་ཀལ་ཁ་གསབ་བྱེད་ཆོག་པ་སྟེ། གཅིག་ནི་ཀུའུ་ཐུད་ལེབ་མོ(骨肽片)འཐུང་ཆོག སྨན་འདི་ལ་རུས་སོབ་འགོག་པའི་ནུས་པ་ལྡན་པར་མ་ཟད། རུས་པ་གསར་བ་སྐྱེ་བར་རོགས་རམ་བྱེད་ཐུབ། གཉིས་ནི་ཨ་ལོན་ལིན་སྐྱུར་ཚྭ(阿伦磷酸盐)འཐུང་དགོས། འདི་ལ་རུས་གས་ཕྲ་ཕུང་ཚོད་འགོག་བྱེད་པའི་ནུས་པ་ལྡན་པ་དང་ཆབས་ཅིག་རུས་སོབ་སྔོན་འགོག་བྱེད་པའི་ནུས་པ་ལྡན། གསུམ་ནི་ཀལ་འབེབས་རྒྱུ་ཡིན། དཔྱི་ཁབ་བརྒྱག་པའམ་ཡང་ན་སྣ་འབྱིན་བྱེད་དགོས། དེས་ཟླ་མཚན་ཆད་དེ་ལོ་ལྔ་ཡན་འགོར་བའི་བུད་མེད་ལ་ལྷག་ཏུ་ཕན། བཞི་ནི་ཀལ་དང་འཚོ་བཅུདDགཉིས་མཉམ་དུ་ཁ་གསབ་བྱེད་དགོས།
ཟས་རིགས་ཀྱི་ཕྱོགས་ནས། ཚིལ་སྣ་ཉུང་ཞིང་ཀལ་མཐོ་བའི་ཟས་རིགས་ཏེ་དཔེར་ན་འོ་མ་དང་། གཞན་ད་རུང་ཀལ་མཐོ་བའི་ཟས་རིགས་ཏེ་དཔེར་ན་སྲན་མའི་རིགས་ཀྱི་ཟས་རིགས་དང་མཚོ་ཐོན་ཟས་རིགས། ཤའི་རིགས། སྒོ་ང་སོགས་བཟའ་དགོས་པར་མ་ཟད། ཕྱི་རོལ་ཏུ་སོང་ནས་འགུལ་སྐྱོད་མང་དུ་བྱེད་དགོས། ལུས་པོ་ལྗིད་ཐེག་གི་རྣམ་པའི་འོག་ཏུ་གནས་སྐབས་ད་གཟོད་ཀལ་བསྡུ་ལེན་བྱེད་སླ་བ་དང་ཀལ་ཁ་གསབ་བྱེད་པར་ནུས་པ་ཐོན་ཐུབ། ད་རུང་ཉི་མར་མང་དུ་ལྡེ་དགོས། ཉི་མར་ལྡེ་ན་རུས་རྒྱུ་ཟད་ཚད་ཇེ་དལ་དུ་འགྲོ་བ་དང་ཀལ་བསྡུ་ལེན་བྱེད་པར་སྐུལ་འདེད་གཏོང་ཐུབ་བོ།།

འབྲེལ་ཡོད་འོས་སྦྱོར།