logo

མཚོ་ལྷོ་ཁུལ་གྱི་སྙིང་ནད་ཅན་གྱི་བྱིས་པ་ལྔའི་ནད་བཅོས་ལེགས་འགྲུབ་བྱུང་སྟེ་ཕྱིར་ཡུལ་དུ་ལོག་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-04-25 ཀློག་གྲངས།:

        གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ4བའི་ཚེས20ཉིན། ནན་ཅིན་གསོ་རིག་སློབ་གླིང་གི་ཁོངས་གཏོགས་སྨན་ཁང་གི་དང་བླངས་པས་རང་ཁུལ་གྱི་སྙིང་ནད་ཅན་གྱི་བྱིས་པ་ལྔའི་ནད་བཅོས་ལེགས་འགྲུབ་བྱུང་། ཕྱིར་རང་ཡུལ་དུ་ལོག་པའི་ལམ་བར་དུ་ནན་ཅན་གྱི་ས་གནས་གྲགས་ཅན་དག་ལ་ལྟ་སྐོར་དུ་ཕྱིན་པ་དང་བྱིས་པ་ཚོ་དང་མཉམ་དུ་དྲན་རྟེན་གྱི་འདྲ་པར་མང་པོ་བླངས།

        དེ་མིན་གཙོ་བཅོས་སྨན་པ་ཀུན་ཀྲིས་ཁ་པར་ལས་གསར་འགོད་པར་བཤད་རྒྱུར། བྱིས་པ་ལྔའི་སྙིང་ནད་གཤགས་བཅོས་ལེགས་འགྲུབ་བྱུང་ཡོད་ལ་ཟླ3གྱི་རྗེས་སུ་ཕྱིར་ཡོང་ནས་བརྟག་དཔྱད་བྱེད་དགོས་ཟེར། དེའི་ནང་ལོ6ཅན་གྱི་ཆོས་ཐར་སྐྱིད་ལ་ད་དུང་ཟླ3ནས4ལ་སྨན་བཅོས་བྱ་དགོས་ཟེར།

       ནད་པ་ཚོའི་ཁྱིམ་བདག་གི་འཐུས་ཚབ་བསོད་ནམས་རྒྱལ་གྱིས་བཤད་རྒྱུར། ཐེངས་འདིར་ཅང་སུའུ་གསོ་རིག་སློབ་གླིང་སྨན་ཁང་གིས་རིན་མེད་ནད་བཅོས་བྱས་པ་དང་བྱིས་པ་ཚོར་མེ་ཏོག་གི་ལེགས་སྐྱེས་བྱིན་ཏེ་སྐྱེལ་མ་བྱས་པས་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། ཆབས་ཅིག་ཏུ་སྨན་པ་ཚོར་ལྷག་བསམ་མཚོན་བྱེད་ཀྱི་ཁ་བཏགས་དཀར་པོ་ཕུལ།

  ཚེས20ཉིན་གྱི་སྔ་མོ། བྱིས་པ་ལྔ་བོ་ཁྱིམ་བདག་དང་མཉམ་དུ་དགའ་དགའ་སྤྲོ་སྤྲོས་ངང་ཕྱིར་རང་ཡུལ་དུ་ལོག 


འབྲེལ་ཡོད་འོས་སྦྱོར།