logo

ཁུལ་མི་རིགས་མཐོ་འབྲིང་དང་པོས་བུད་མེད་ཀྱི་ལུས་སེམས་བདེ་ཐང་སྐོར་གྱི་སློབ་གསོའི་འཆད་ཁྲིད་སྤེལ་བ།

རྩོམ་པ་པོ།:ཟླ་བ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-12-01 ཀློག་གྲངས།:

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་བུད་མེད་ཀྱི་ལུས་སེམས་བདེ་ཐང་སྐོར་གྱི་སློབ་གསོའི་འཆད་ཁྲིད་སྤེལ་བ།

     སྤྱི་ཟླ11པའི་ཚེས29ཉིན། རྒྱ་ཆེའི་སློབ་གྲོགས་སྐྱེས་མ་རྣམས་ཀྱི་ལང་ཚོའི་དུས་ཀྱི་ལུས་སེམས་བདེ་ཐང་ཡོང་བར་དམིགས་ནས་རང་རེའི་སློབ་གྲྭའི་སློབ་མའི་སྤྱིའི་ཚོགས་པའི་བུད་མེད་ཚན་ཁག་གིས་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་སྒྲོལ་མཚོ་ལགས་གདན་ཞུ་བྱས་ཏེ་སློབ་གྲྭ་ཡོངས་ཀྱི་སྐྱེས་མའི་སློབ་གྲོགས1300ལྷག་ལ་བུད་མེད་ཀྱི་ལུས་སེམས་བདེ་ཐང་སྐོར་གྱི་མཛུབ་སྟོན་འཆད་ཁྲིད་གནང་། འཆད་ཁྲིད་སྐབས་རྒན་ལགས་ཀྱིས《  མཐོ་འབྲིང་སློབ་མའི་བདེ་ཐང་སློབ་གསོ》 བརྗོད་གཞིར་བཟུང་སྟེ་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྒོ་ནས་མཐོ་འབྲིང་སློབ་མའི་ལུས་སེམས་བདེ་ཐང་ཐད་ཀྱི་སྤྱིར་བཏང་གི་མངོན་ཚུལ་དང་། ནད་རྟགས་ངོས་འཛིན། མོ་ནད་ཀྱི་རྒྱུན་ཤེས། ཨེ་ཙིའི་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་དཔེ་རིས་མང་པོས་ཟུར་བརྒྱན་ཏེ་དུས་རྒྱུན་གྱི་འཚོ་བའི་ཁྲོད་སྤྱོད་ལམ་ལ་གཟབ་ནན་དང་ཚེ་སྲོག་ལ་གཅེས་སྤྲས། རང་ཉིད་ལ་སྲུང་སྐྱོབ་སྒོས་རང་བཀུར་དང་རང་གཅེས། རང་རྐྱ་ཕེར་བའི་མཐོ་འབྲིང་སློབ་མ་བཟང་བོ་ཞིག་བྱེད་པའི་ཐད་སློབ་གསོ་གནད་དུ་སྨིན་པ་ཞིག་བཏང་པས་རྒྱ་ཆེའི་སྐྱེས་མའི་སློབས་གྲོགས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་དུས་མཚུངས་སུ་འདི་འདྲའི་འཆད་ཁྲིད་མང་དུ་སྤེལ་ན་སྐྱེས་མའི་སེམས་ཁམས་བདེ་ཐང་དང་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་པའི་རེ་བ་མང་དུ་བཏོན།


མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་སྒྲོལ་མཚོས་འཆད་ཁྲིད་གནང་བཞིན་པ།


ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག


འབྲེལ་ཡོད་འོས་སྦྱོར།