logo

འབའ་རྫོང་བོད་སྨན་ཁང་གིས་ནད་གཡོག་ནུས་རྩལ་ཤེས་བྱའི་འགྲན་སྡུར་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-28 ཀློག་གྲངས།:

འགྲན་སྡུར་བྱ་འགུལ་སྤེལ་བའི་ཡུལ་དངོས།
འགྲན་སྡུར་བྱ་འགུལ་སྤེལ་བའི་ཡུལ་དངོས།


སེམས་ཞིབ་མོས་རྒྱུགས་ལེན་བྱ་བ་སྤེལ་བཞིན་པ།

     རྒྱུས་ལོན་པ་ལྟར་ན། ནད་གཡོག་པའི་སྙིང་སྟོབས་འདོན་སྤེལ་དང་ནད་གཡོག་པའི་སློབ་སྦྱོང་གི་སྤྲོ་བ་ཆེ་རུ་སྐྱེད་ཆེད། སྤྱི་ཟླ5བའི་ཚེས24ཉིན། འབའ་རྫོང་བོད་སྨན་ཁང་གིས་ནད་གཡོག་ནུས་རྩལ་ཤེས་བྱའི་འགྲན་སྡུར་བྱ་འགུལ་སྤེལ་བ་རེད།
     འབའ་རྫོང་བོད་སྨན་ཁང་གི་ཚན་ཁག་སོ་སོའི་འགན་འཁུར་བ་དང་། རྐང་འཛིན་མི་སྣ། སྨན་ཁང་གི་འགོ་ཁྲིད་ཚན་ཁག་བཅས་ཐེངས་འདིའི་འགྲན་སྡུར་ཁྲོད་ཞུགས་ཡོད།གཙོ་བོར་ནད་གཡོག་རྨང་གཞིའི་ཤེས་བྱ་དང་། བོད་ཀྱི་གསོ་རིག་རྨང་གཞིའི་གཞུང་ལུགས་ཤེས་བྱ་སྐོར་ནས་རྒྱུགས་གཞིའི་རྣམ་པ་ལྟར་སྤེལ་ཞིང་། ནད་གཡོག་པའི་སློབ་སྦྱོང་གི་སྤྲོ་བ་སྔར་ལས་ཆེ་རུ་སྐྱེད་པ་མ་ཟད། རྗེས་ཕྱོགས་ཀྱི་ནད་གཡོགས་པའི་བྱ་བའི་ཁྲོད་སློབ་སྦྱོང་འདུ་ཤེས་ཇེ་མཐོར་བཏང་སྟེ་ནད་གཡོག་འགན་འཁྲི་དང་ཞབས་ཞུ་སོགས་ཕྱོགས་ཡོངས་ཀྱི་རྒྱུ་སྤུས་ཇེ་མཐོར་གཏོང་བར་ནུས་པ་བླ་ལྷག་ཐོན་པ་རེད།


འབྲེལ་ཡོད་འོས་སྦྱོར།