logo

འབའ་རྫོང་གིས5.29འཆར་སྐྱེ་མཐུན་ཚོགས་དྲིལ་སྒྲོག་དང་རིན་མེད་བརྟག་དཔྱད་ཀྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-03 ཀློག་གྲངས།:

འབའ་རྫོང་གིས5.29འཆར་སྐྱེ་མཐུན་ཚོགས་དྲིལ་སྒྲོག་དང་རིན་མེད་བརྟག་དཔྱད་ཀྱི་བྱ་འགུལ་སྤེལ།
འབའ་རྫོང་གིས5.29འཆར་སྐྱེ་མཐུན་ཚོགས་དྲིལ་སྒྲོག་དང་རིན་མེད་བརྟག་དཔྱད་ཀྱི་བྱ་འགུལ་སྤེལ།


འབའ་རྫོང་གིས5.29འཆར་སྐྱེ་མཐུན་ཚོགས་དྲིལ་སྒྲོག་དང་རིན་མེད་བརྟག་དཔྱད་ཀྱི་བྱ་འགུལ་སྤེལ།


འབའ་རྫོང་གིས5.29འཆར་སྐྱེ་མཐུན་ཚོགས་དྲིལ་སྒྲོག་དང་རིན་མེད་བརྟག་དཔྱད་ཀྱི་བྱ་འགུལ་སྤེལ།

     རྒྱལ་ཁབ་ཀྱི་འབྲེལ་ཡོད་འཆར་སྐྱེ་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཤེས་བྱ་དྲིལ་སྒྲོག་བྱེད་པར། འབའ་རྫོང་འཕྲོད་བསྟེན་ཁང་གིས་གཞི་གསུམ་འཛུགས་སྐྲུན་གོ་སྐབས་དང་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་རྣམ་གྲངས་ལ་དམིགས་བཅོལ་ནས་ཕྱོགས་ཡོངས་སུ་བདེ་ཐང་ལས་འགུལ་ལ་སྐུལ་འདེད་གཏོང་བ་རྩ་དོན་ཏུ་བཟུང་ཏེ། མི་དམངས་སྨན་ཁང་དང་རྫོང་བོད་སྨན་ཁང་། ཞང་གྲོང་ལྔའི་འཆར་སྐྱེ་གཞུང་སྒྲུབ་ཁང་བཅས་ཀྱིས་རྩ་འཛུགས་བྱས་ཏེ་རྫོང་རི་ཐང་ཆེན་ཏུ5.29མཐུན་ཚོགས་བྱ་འགུལ་ཉིན་མོ་དང་རིན་མེད་བརྟག་དཔྱད་ཀྱི་བྱ་འགུལ་སྤེལ།
     འབའ་རྫོང་འཕྲོད་བསྟེན་མ་ལག་གི་ལས་བཟོ་བ་རྣམས་ཀྱིས་བྱ་འགུལ་ཡུལ་དངོས་སུ་རྒྱ་ཆེའི་བུད་མེད་རྣམས་ལ་འཕྲོད་བསྟེན་དང་འཆར་སྐྱེ་ཐད་ཀྱི་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་ཤེས་བྱ་དྲིལ་སྒྲོག་བྱས་པ་མ་ཟད། སྲིད་ཇུས་འདྲི་རྟོགས་དང་རིན་མེད་འཆར་སྐྱེའི་སྨན་ཆས་འགྲེམ་གཏོང་། རིན་མེད་བརྟག་དཔྱད་དང་དྲིལ་སྒྲོག་ཡིག་བྱང་འགེལ་བ་བཅས་ཀྱི་རྣམ་པ་སྤྱད་ནས་བུད་མེད་མང་ཚོགས་ལ་དྲོད་ཁོལ་དང་བདེ་ཐང་། ཤེས་བྱ་དང་བརྡ་འཕྲིན་བསྐྱལ།
     ཐེངས་འདིའི་བྱ་འགུལ་སྟེང་བསྡོམས་པས་འཆར་སྐྱེ་ཤེས་བྱའི་དྲིལ་སྒྲོག་རྒྱུ་ཆ1000ལྷག་འགྲེམ་གཏོང་བྱས་བ་དང་། མང་ཚོགས་མི་ཐེངས300ལྷག་གིས་འདྲི་གཞི་དང་ལེན་བྱས། དེ་མིན་རིན་མེད་པར་མི100ལྷག་ལ་བརྟག་དཔྱད་བྱས་པ་དང་རིན་མེད་སྦྲུམ་འགོག་སྨན་ཆས་མི་ཉུང་བ་འགྲེམ་གཏོང་བྱས་པ་མ་ཟད། དབུལ་ཕོངས་ཁྱིམ་ཚང6ལ་འཚམས་འདྲིའི་མ་དངུལ་སྒོར300དང་སྒོར300ཡི་བདེ་ཐང་ཁྱིམ་ཚང་གི་དྲིལ་སྒྲོག་དངོས་པོ་བྱིན།


འབྲེལ་ཡོད་འོས་སྦྱོར།