འབའ་རྫོང་མི་དམངས་སྨན་ཁང་གིས་ནད་གཡོག་པའི་ནུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
སྨན་ཁབ་རྒྱག་པ།
འབའ་རྫོང་མི་དམངས་སྨན་ཁང་གིས་ནད་གཡོག་པའི་ནུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྤེལ།
ཟིན་ཐོ་འབྲི་བ།
གོམ་གང་མདུན་སྤོས་སྒོས་ཕྱོགས་ཡོངས་སུ་ནད་གཡོག་པའི་ལག་ལེན་ནུས་རྩལ་ཆུ་ཚད་མཐོར་འདེགས་དང་ནུས་ཤུགས་ཡོད་རྒུས་སྨན་ཁང་གི་ནད་གཡོག་གཙོ་གནད་ཆེད་ཚན་ཇེ་མཐོར་བཏང་ཏེ། ནད་གཡོག་ཆེད་ལས་ཀྱི་ནུས་རྩལ་ཅན་གྱི་འབྱོན་ཐང་མི་སྣ་གསོ་སྐྱོང་བྱེད་པར། ཉེ་ལམ། འབའ་རྫོང་མི་དམངས་སྨན་ཁང་གིས་ནད་གཡོག་པའི་ལག་ལེན་ནུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྤེལ། སྨན་ཁང་གི་ནད་གཡོག་ཡོངས་ཐེངས་འདིའི་བྱ་འགུལ་ལ་ཞུགས།
བྱ་འགུལ་སྟེང་ཐོག་མར་ནད་གཡོག་པའི་ནུས་རྩལ་འགྲན་བསྡུར་བསྡུས་པ་དང་། ཆེས་སླ་བའི་སྨན་ཁབ་རྒྱག་པ་ནས་དཀའ་ཁག་ཅུང་ཆེ་བའི་གློ་སྙིང་བསྐྱར་གསོ་དང་བཙས་མ་ཐག་པའི་བྱིས་བའི་དབུགས་འབྱིན་བསྐྱར་གསོ། དེ་ནས་ནད་གཡོག་ཟིན་ཐོ་འབྲི་བའི་ནུས་རྩལ་དང་ཚོད་ཞིབ་གསུམ་ཀྱི་སྒྲིག་བཅོས། ཚབས་ཆེན་རང་བཞིན་གྱི་ནད་གཡོག་ཟིན་ཐོའི་འབྲི་རྩལ་དང་ལས་དྲོད་ཀྱི་སྒྲིག་བཅོས་བཅས་ཀྱི་ཐད་ནས་འགྲན་བསྡུར་བྱས།
འགྲན་བསྡུར་ཡུལ་དངོས་སུ། འགྲན་ཞུགས་པ་རྣམས་ཀྱིས་ནན་ཏན་དང་ཞིབ་ཚགས། ཚད་ལྡན་དང་གོམས་ལོབས་ཀྱིས་ལག་ལེན་ཡོངས་ལག་བསྟར་གང་ལེགས་བྱས་ཏེ། ཚང་མར་རང་ཉིད་ཀྱི་རྨང་གཞིའི་ལག་ལེན་ཆུ་ཚད་འདོད་སྤེལ་བྱས། ཡུལ་དངོས་སུ་བྲེལ་འཚུབ་དང་གཟབ་ནན་གྱིས་ཁེངས་འདུག་པ་དང་། སྨན་ཁང་གི་ཆེད་ལས་དཔྱད་འདེམས་པས་ཏན་ཏིག་གིས་ནད་གཡོག་པ་རེ་རེའི་ལག་ལེན་རེ་རེ་ལ་ལྟ་ཞིབ་བྱས་པ་མ་ཟད། ནན་ཏན་གྱིས་ཟིན་ཐོ་བཀོད་པ་དང་སྐར་གྲངས་བརྒྱབ་པ་དང་དཔྱད་བརྗོད་གནང་།
ཐེངས་འདིའི་འགྲན་བསྡུར་བརྒྱུད། ནད་གཡོག་པའི་ལག་ལེན་ནུས་རྩལ་མཐོར་འདེགས་སུ་བཏང་བ་དང་འབྲས་ཡོད་ཀྱིས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་མཁོ་བསྟུན་ནུས་ཤུགས་ཇེ་དྲག་ཏུ་བཏང་བ་མ་ཟད། ནད་གཡོག་པའི་རྨང་གཞིའི་ཆུ་ཚད་དང་ཆོད་སེམས་ལ་སྐུལ་འདེད་བཏང་ཏེ། སྔར་ལས་ལྷག་པའི་སྒོ་ནས་ནད་གཡོག་པའི་ནུས་རྩལ་ཆུ་ཚད་དང་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་སུ་བཏང་།