logo

འབའ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཅུས་སློབ་ར་རུ་མཁོ་བསྟུན་ཉེན་སྲུང་གི་གསོ་སྦྱོང་བྱ་འགུལ་སྤེལ།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-19 ཀློག་གྲངས།:

འབའ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཅུས་སློབ་ར་རུ་མཁོ་བསྟུན་ཉེན་སྲུང་གི་གསོ་སྦྱོང་བྱ་འགུལ་སྤེལ།
འབའ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཅུས་སློབ་ར་རུ་མཁོ་བསྟུན་ཉེན་སྲུང་གི་གསོ་སྦྱོང་བྱ་འགུལ་སྤེལ

     ནུས་ཤུགས་ཡོད་རྒུས་སློབ་གྲྭའི་དགེ་སློབ་ཀྱི་མཁོ་བསྟུན་ཉེན་སྲུང་གི་གསོ་སྦྱོང་བྱ་བར་སྐུལ་འདེད་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་དགེ་སློབ་རྣམས་ཀྱི་ཉེན་འགོག་དང་རང་སྐྱོབ་རོགས་སྐྱོབ་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བར། ཉེ་ལམ། འབའ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཅུས་རྫོང་མི་རིགས་ལོ་དགུ་མུ་གཅིག་ལམ་ལུགས་སློབ་གྲྭ་ནས་མཁོ་བསྟུན་ཉེན་སྲུང་གི་གསོ་སྦྱོང་བྱ་འགུལ་སྤེལ་ཞིང་། སློབ་གྲྭའི་དགེ་སློབ400ལྷག་ཐེངས་འདིའི་གསོ་སྦྱོང་བྱ་འགུལ་ཏུ་ཞུགས། 
     ཐེངས་འདིའི་བྱ་འགུལ་ནི་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣ་གསུམ་གྱིས་སྨྱན་མང་གཟུགས་སྤྱད་དེ་གསོ་སྦྱོང་ལ་ཞུགས་པའི་དགེ་སློབ་རྣམས་ལ་གཞུང་ལུགས་གསལ་འགྲེལ་བྱས་པ་དང་། ཡུལ་དངོས་ནས་ལག་ལེན་སྦྱོང་བརྡར་བྱས། མཁོ་བསྟུན་ཉེན་སྲུང་དགེ་རྒན་གྱིས་སློབ་མ་རྣམས་ལ་ཡུལ་དངོས་མྱུར་སྐྱོབ་ཀྱི་སྤྱི་ཁོག་དང་། ཡུལ་དངོས་མྱུར་སྐྱོར་གྱི་རྨང་གཞིའི་ལག་རྩལ། གློ་བུར་དུ་དུག་ཕོག་དུས་ཀྱི་ཡུལ་དངོས་མྱུར་སྐྱོབ་སོགས་མཁོ་བསྟུན་མྱུར་སྐྱོབ་རྨང་གཞིའི་ཤེས་བྱ་ངོ་སྤྲོད་བྱས། དེ་རྗེས། མཁོ་བསྟུན་མྱུར་སྐྱོབ་དགེ་རྒན་ལས་རོགས་པས་རམ་འདེགས་བྱས་ནས་ཡུལ་དངོས་ནས་བྲང་ཁའི་སྙིང་ཁར་གནོན་པ་དང་མི་བཟོས་དབུགས་ལེན་པ་སོགས་མྱུར་སྐྱོབ་སྐབས་རྨས་མིའི་འདུག་ཕྱོགས་དང་སྲོག་སྐྱོབ་བྱེད་ཐབས་བཅས་འཁྲབ་སྦྱོང་བྱས།


འབའ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཅུས་སློབ་ར་རུ་མཁོ་བསྟུན་ཉེན་སྲུང་གི་གསོ་སྦྱོང་བྱ་འགུལ་སྤེལ།

     སློབ་སྦྱོང་བྱས་བ་བརྒྱུད། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་རྒྱ་གྲམ་དམར་བོའི་བསམ་བློ་དང་ཡུལ་དངོས་མྱུར་སྐྱོབ་ཀྱི་རྩ་དོན། ཡུལ་དངོས་ཉེན་སྲུང་གི་འདུ་ཤེས་གསར་བ། དབུགས་ལམ་འགག་པ་དང་སྙིང་གི་འཕར་རྩ་འགག་པ་སོགས་སྤྱིར་བཏང་གི་གནོད་འཚེ་ཐེབས་དུས་ཀྱི་ཡུལ་དངོས་སྲོག་སྐྱོབ་དང་ཐོལ་བྱུང་དོན་རྐྱེན་བྱུང་དུས་ཀྱི་མཁོ་བསྟུན་མྱུར་སྐྱོབ་ཤེས་བྱ་བཅས་ལ་རྒྱུས་ལོན་པར་བྱས་བ་མ་ཟད། སློབ་སྦྱོང་ལ་ཞུགས་པའི་དགེ་སློབ་རྣམས་ལ་ཡུལ་དངོས་སུ་ལག་ཟློས་འཁྲབ་སྦྱོང་སྤེལ།  
     ཐེངས་འདིའི་སློབ་རའི་མྱུར་སྐྱོབ་འཁྲབ་སྦྱོང་བརྒྱུད་ནས། གོམ་གང་མདུན་སྤོས་སྒོས་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་འབྱུང་དུས་ཀྱི་མཁོ་བསྟུན་ཉེན་འགོག་དང་རང་སྐྱོབ་རོགས་སྐྱོབ་ཀྱི་ནུས་ཁུགས་མཐོར་འདེགས་སུ་བཏང་བ་དང་། རྒྱ་ཆེའི་དགེ་སློབ་རྣམས་ཀྱི་ཚེ་སྲོག་བདེ་འཇགས་ལའང་འགན་སྲུང་བྱས་ཡོད། སློབ་མ་རྣམས་ཀྱིས་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་གིས་ཁོ་ཚོ་ལ་དངོས་སྤྱོད་ཀྱི་སྲོག་སྐྱོབ་ཤེས་བྱ་སློབ་ཏུ་བཅུག་ལ། རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད། ཤེས་བྱ་འདི་རིགས་བཀོལ་ནས་ཧ་ཅང་ལེགས་པའི་སྒོ་ནས་འཚོ་བའི་ཁྲོད་འཕྲད་པའི་གནོད་པ་ཐག་གཅོད་བྱེད་པར་ཡིད་ཆེས་ཡོད་ཟེར།


འབྲེལ་ཡོད་འོས་སྦྱོར།