logo

འབའ་རྫོང་ཐང་མགོ་གྲོང་རྡལ་བུད་མེད་ལྷན་ཚོགས་ཀྱིས་སྡེ་བ་རུ་ཨེ་ཙི་ནད་སྔོན་འགོག་ཤེས་བྱའི་ཟབ་སྦྱོང་བསྡུས།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-16 ཀློག་གྲངས།:


འབའ་རྫོང་ཐང་མགོ་གྲོང་རྡལ་བུད་མེད་ལྷན་ཚོགས་ཀྱིས་སྡེ་བ་རུ་ཨེ་ཙི་ནད་སྔོན་འགོག་ཤེས་བྱའི་ཟབ་སྦྱོང་བསྡུས། 

     ཉེ་སྔོན། གཏིང་ཟབ་སྒོས་ཨེ་ཙི་ནད་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་དང་།  ཨེ་ཙི་ནད་སྔོན་འགོག་བྱ་བ་སྐུལ་འདེད་བྱེད་པ།  ཞིང་འབྲོག་ཁུལ་གྱི་སྡོད་དམངས་ལ་ཨེ་ཙི་ནད་སྔོན་འགོག་བྱེད་པའི་རྨང་གཞིའི་ཤེས་བྱ་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་བྱེད་པ་དང་།   དངོས་གནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལུས་ཕུངས་བདེ་ཐང་ལ་འགན་སྲུང་བྱས་ཏེ། འབྲས་ཡོད་ཀྱིས་ཨེ་ཙི་ནད་ཁྱབ་སྤེལ་བྱེད་པར་བཀག་འགོག་གཏོང་པར།  འབའ་རྫོང་ཐང་མགོ་གྲོང་རྡལ་གྱིས་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣ་གདན་འདྲེན་བྱས་ཏེ་ཧོ་ཐོག་སྡེ་བ་ནས་ཨེ་ཙི་ནད་སྔོན་འགོག་བྱ་བའི་ཤེས་བྱའི་ཟབ་སྦྱོང་བསྡུས།

     ཐེངས་འདིའི་ཟབ་སྦྱོང་ལ་ཞུགས་པའི་བུད་མེད་མི48ཡོད་པ་དང་། ཟབ་སྦྱོང་ཚོགས་ཐོག་ནས། སྨན་བཅོས་མི་སྣས་རེག་ནད་དང་ཨེ་ཙི་ནད་ཁྱབ་སྤེལ་བྱེད་ཐབས། ནད་རྟགས་སོགས་ཞིབ་མོར་འགྲེལ་བཤད་བྱས་པ་ལས་གཞན། དེའི་ཁྱབ་སྤེལ་བྱེད་ལམ་གཞིར་བཟུང་ནས་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཨེ་ཙི་ནད་ཀྱི་སྔོན་འགོག་ཤེས་བྱ་དང་འཚོ་བའི་ཁྲོད་མཉམ་འཇོག་དགོས་ས་གཙོ་གནད་བྱས་ཏེ་འགྲེལ་བཤད་བྱས་པ་དང་མཉམ་དུ། སྲིད་གཞུང་གིས་ཨེ་ཙི་ནད་སྔོན་འགོག་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གསལ་བོར་བཤད། སྡེ་བ་སོ་སོའི་མང་ཚོགས་རྣམས་ཐེངས་འདིའི་བྱ་འགུལ་ལ་སྤྲོ་བ་ལྡན་པ་ཤེས་ཐུབ་ལ། ཚང་མས་རང་འགུལ་གྱིས་གནས་ཚུལ་འདྲི་བ་དང་དྲིལ་སྒྲོག་ཡིག་ཆ་བླངས་ཏེ། ཡུལ་དངོས་ཀྱི་མཁའ་དབུགས་ལེགས་པོ་བསྐྲུན།
     ཐེངས་འདིའི་ཟབ་སྦྱོང་བརྒྱུད་དེ། ཞིང་འབྲོག་ཁུལ་གྱི་བུད་མེད་རྣམས་ཀྱིས་ཨེ་ཙི་ནད་སྔོན་འགོག་བྱ་བའི་ཤེས་བྱ་དང་། རྒྱལ་ཁབ་གྱི་སྲིད་ཇུས་སྒྲིག་ཁྲིམས། ཁྱབ་སྤེལ་བྱེད་ཐབས་དང་ནད་རྟགས། དེའི་གནོད་སྐྱོན་བཅས་ལ་རྒྱུས་ལོན་ཆ་ཚང་བྱས་པ་དང་། རང་འགུལ་གྱིས་ཨེ་ཙི་ནད་སྔོན་འགོག་བྱེད་པའི་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་བཏང་བ་དང་།ཨེ་ཙི་ནད་པར་མཐོང་ཆུང་བྱེད་པའི་སྣང་ཚུལ་ཇེ་དམའ་རུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཨེ་ཙི་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཕན་པའི་སྤྱི་ཚོགས་ཁོར་ཡུག་ལེགས་ཤེས་སྐྲུན་པ་དང་། ཨེ་ཙི་ནད་ཁྱབ་སྤེལ་་ལ་བཀག་འགོག་བྱེད་པར་རང་གི་ནུས་ཤུགས་འདོན་རྒྱུ་བསྟན།


འབྲེལ་ཡོད་འོས་སྦྱོར།