logo

མཚོ་ལྷོས་བོད་རྒྱའི་སྐད་གཉིས་ཀྱི་བདེ་ཐང་དང་འཕྲོད་བསྟེན་གྱི་ཤེས་བྱའི་སྒྲོག་དེབ་བཀྲམ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-07 ཀློག་གྲངས།:

海南州疾控中心推出藏汉双语健康卫生知识宣传册
མཚོ་ལྷོས་བོད་རྒྱའི་སྐད་གཉིས་ཀྱི་བདེ་ཐང་དང་འཕྲོད་བསྟེན་གྱི་ཤེས་བྱའི་སྒྲོག་དེབ་བཀྲམ་པ།

  ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནད་ཡམས་སྔོན་འགོག་ལྟེ་གནས་ཀྱིས་ཅང་སུའུ་ནད་ཡམས་སྔོན་འགོག་ལྟེ་གནས་ཀྱི་རོགས་སྐྱོར་འོག  མ་དངུལ་སྒོར་ཁྲི9ལྷག་བཏང་བའི་བོད་རྒྱ་སྐད་གཉིས་ཀྱི་བདེ་ཐང་དང་འཕྲོད་བསྟེན་གྱི་ཤེས་བྱའི་སྒྲོག་དེབ་ཁག་ཅིག་ལོ་ཙཱ་དང་པར་དུ་བསྐྲུན་པ་རེད།
  ཐེངས་འདིར་བཀྲམ་པའི་བདེ་ཐང་དང་འཕྲོད་བསྟེན་གྱི་ཤེས་བྱའི་དྲིལ་སྒྲོག་དཔེ་དེབ་ཏུ《ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་བྱང་ཚད། ཤེས་བྱའི་བརྙན་དེབ་ཀློག་དེབ》དང་། 《འགོས་ནད་སྔོན་འགོག་བྱེད་ཐབས》། 《འགོག་སྨན་ཤེས་བྱའི་དྲིལ་སྒྲོག་དེབ་ཆུང》།《ཡུན་ནན་འགོག་བཅོས་ཤེས་བྱ》།《ང་ལ་ཨེ་ཙིའི་ནད་འབྱུང་ངེས་སམ། ངས་ཇི་ལྟར་བྱ་དགོས》བཅས་པར་དུ་བསྐྲུན་ནས་སྤྱི་ཚོགས་ཡོངས་སུ་བཀྲམ། དེར་མ་ཟད་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་མཚན་མའི་ནད་དང་ཨེ་ཙིའི་ནད་ཀྱི་སྒྲོག་ཡིག་ཁྲི6བཀྲམ་པ་རེད།
  བདེ་ཐང་དང་འཕྲོད་བསྟེན་གྱི་ཤེས་བྱའི་དྲིལ་སྒྲོག་དཔེ་དེབ་དེ་དག་གིས་མཚོ་ལྷོའི་སྨན་པ་དང་། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་སློབ་གསོ་གོང་དུ་སྤེལ་བར་ནུས་པ་ཆེན་པོ་ཐོན་པའི་ཁར། མི་རིགས་ས་ཁུལ་དུ་བདེ་ཐང་ཐད་ཀྱི་དྲིལ་སྒྲོག་ཡིག་ཆ་ཉུང་བའི་གནད་དོན་ཐག་གཅོད་ཐུབ་པ་རེད།
 


འབྲེལ་ཡོད་འོས་སྦྱོར།