logo

ནད་པ་ཉམ་ཐག་རྣམས་ལ་ཚེ་འགུག་བྱ་ཚུལ་མདོར་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-28 ཀློག་གྲངས།:

ནད་པ་ཉམ་ཐག་རྣམས་ལ་ཚེ་འགུག་བྱ་ཚུལ་མདོར་བསྡུས།

      ཧྲཱིཿ འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་×མགོན་མེད་×། སངས་རྒྱས་×ཕྱག་འཚལ་ལོ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཞེས་གཟུངས་རིང་དང༌།  ཨོཾ་ཨ་མ་ར་ནི་སོགས་བརྗོད་ནས་ཚེ་འགུགས་བྱ་བ་ནི། ཤར་ཕྱོགས་དྲི་ཟའི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །ནུབ་ཕྱོགས་ཆུ་ལྷའི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །བྱང་ཕྱོགས་གནོད་སྦྱིན་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །ཤར་ལྷོ་མེ་ལྷའི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །ལྷོ་ནུབ་སྲིན་པོའི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །ནུབ་བྱང་རླུང་ལྷའི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །བྱང་ཤར་དབང་ལྡན་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །སྟེང་ཕྱོགས་ཚངས་པའི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །འོག་ཕྱོགས་ས་བདག་ཀླུ་གཉན་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །འབྱུང་བ་རྣམ་ལྔའི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །འཆི་བདག་གཤིན་རྗེའི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །བདུད་དང་འདྲེ་སྲིན་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །ཁམས་གསུམ་སྲིད་གསུམ་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །ས་འོག་ས་སྟེང་ས་བླ་གསུམ་གྱི་ལག་ནས་བཀྲ་ཤིས་ཚེ་ཡང་འགུག །ཁུ་ཡེ་པུཥྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་དང་མེ་ཏོག་ཐོར་བཞིན་དུ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་སྦྱིན་པའི་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་འཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་གྱུར། །སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་ཚུལ་ཁྲིམས་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་འཁྱེར་འཇུག་པ་ན། །ཚུལ་ཁྲིམས་སྟོབས་ཀྱི་སྒྲ་ནི་གྲགས་པར་གྱུར། །ཚུལ་ཁྲིམས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་བཟོད་པའི་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་འཁྱེར་འཇུག་པ་ན། །བཟོད་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་གྱུར། །བཟོད་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་བརྩོན་འགྲུས་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་འཁྱེར་འཇུག་པ་ན། །བརྩོན་འགྲུས་སྟོབས་ཀྱི་སྒྲ་ནི་གྲགས་པར་གྱུར། །བརྩོན་འགྲུས་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །བསམ་གཏན་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་བསམ་གཏན་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་འཁྱེར་འཇུག་པ་ན། །བསམ་གཏན་སྟོབས་ཀྱི་སྒྲ་ནི་གྲགས་པར་གྱུར། །བསམ་གཏན་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་ཤེས་རབ་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་འཁྱེར་འཇུག་པ་ན། །ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་གྱུར། །ཤེས་རབ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །དུས་མིན་འཆི་བའི་×། རྙེད་དཀའི་རྟེན་བཟང་ལོ་བརྒྱར་འཚོ་བ་དང༌། །ཉེས་སྤྱོད་སྡིག་པའི་སྣོད་དུ་མི་གྱུར་བར། །རྣམ་དཀར་ལེགས་སྤྱད་ཁོ་ནར་བཀོལ་བ་ཡིས། །རང་གཞན་དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་×།སོགས་སོ།།


འབྲེལ་ཡོད་འོས་སྦྱོར།