logo

བུད་མེད་ཀྱི་བདེ་ཐང་སྐོར་གྱི་ཤེས་བྱ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-11 ཀློག་གྲངས།:

  གསུམ་པ། འཁྲིག་སྦྱོར་བྱེད་སྐབས་ཀྱི་ནོར་འཁྲུལ་སྐོར།
  1.ལུས་འབྲེལ་བྱེད་སྐབས་སྔོན་འགྲོའི་རོལ་རྩེད་ཡུན་རིང་ཙམ་མ་བྱས་ན།བུད་མེད་ལ་འདོད་ཆུ་འབབ་པ་དང་མཚན་མར་མཉེན་འབབ་པ་སོགས་ཀྱི་ལུས་ཁམས་ཀྱིས་གྲ་སྒྲིག་གི་སྔོན་འགྲོ་བྱེད་མི་ཐུབ་ཅིང་། ཐད་ཀར་སྐྱེས་པའི་ཚོར་བ་དབང་བཙན་དུ་བྱས་ནས་ལུས་འབྲེལ་བྱས་པ་ཡིན་ན།བུད་མེད་ཀྱི་མཚན་མ་དང་འབྲེལ་ཡོད་ཀྱི་ཁྲག་རྩ་མང་པོ་ཤུགས་ཀྱིས་གཅོད་ཀྱིན་ཡོད་པ་དང་།རྐྱེན་འདི་ལས་མོ་ནད་ཀྱང་རབས་དང་རིམ་པ་འབྱུང་བའི་རྒྱུ་གཙོ་ཤིག་སུ་གྱུར་ཡོད།
  2.ལྷག་པར་དུ་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ན་དང་ཐོག་བུད་མེད་ཕལ་ཆེར་ལ་བཙན་ཐབས་ལྟ་བུས་ན་ཆུང་གི་མེ་ཏོག་གསར་བ་དེ་འཕྲོག་བཞིན་ཡོད་པས།ལུས་སེམས་གཉིས་ཀྱི་བདེ་ཐང་ལ་རྨ་ཁ་ཚབས་ཆེན་བཟོས་ཡོད།མ་ཟད་དང་ཐོག་གྱི་སྦྱོར་བས་བུད་མེད་དེའི་རྗེས་ཕྱོགས་ཀྱི་འདོད་བདེའི་བཙན་གཉོམ་ལའང་གཏོང་འཛིན་ཆེན་པོ་བྱེད་སྲིད་པས།དང་ཐོག་གི་ལུས་འབྲེལ་དེ་ལ་ཕོ་མོ་གཉིས་ཀས་དོ་སྣང་ཆེན་པོ་བྱ་དགོས།
  3.དགའ་རོགས་སྐྱེས་པ་མང་པོ་འཚོལ་བའམ་ནུབ་རེར་ལུས་འབྲེལ་ཐེངས་མང་པོ་བྱེད་པ་དང་།སྨད་འཚོང་མ་བསྟེན་པའི་སྐྱེས་པ་སོགས་ལས་ནད་རིགས་ཚབས་ཆེན་བསྐྱེད་ཅིང་། གཉེན་སྒྲིག་བྱས་ཟིན་པའི་ཁྱོ་ག་ལ་མཚོན་ན་རྒྱུན་ལྡན་གྱི་གནས་ཚུལ་འོག་གཟའ་འཁོར་རེ་ལ་ཐེངས་གཉིས་ནས་གསུམ་བར་ལུས་འབྲེལ་བྱེད་པ་ནི་འོས་འཚམ་ཡིན། ལོ་མཐོ་ན་དེ་ལས་ཀྱང་ཇེ་ཉུང་ཇེ་ཉུང་དུ་གཏོང་དགོས།
  ལྷག་ཏུ་ལུས་འབྲེལ་མང་ན་སྐྱེས་པའི་ལུས་ཁམས་ལ་ཧ་ཅང་གནོད། བུད་མེད་ལ་ཟླ་མཚན་འབབ་དུས་དང་མོ་ནད་ཡོད་པའི་དུས། ཁོག་ཏུ་ཕྲུ་གུ་ཡོད་པའམ་ཕྲུ་གུ་སྐྱེས་ནས་ཟླ་གཉིས་མ་སོང་བའི་དུས། སྦྲུམ་འགོག་ཨ་ལོང་བཞག་ནས་ཟླ་གཉིས་མ་འགོར་བར་ལུས་འབྲེལ་བྱས་པ་ལས་ནད་རིགས་སྣ་ཚོགས་འགོས་བཞིན་ཡོད། གསར་འགྱུར་བརྒྱུད་ལམ་ཞིག་ན་ཕྱི་གླིང་གི་གསར་བུ་ཞིག་གིས་མཛེས་མ་གསུམ་ལ་དུས་ཚོད་ཉེར་བཞིའི་ནང་ལུས་འབྲེལ་ཐེངས46བྱས་པས་མཇུག་འབྲས།ཁོའི་ལུས་སྟེང་གི་ཁམས་དཀར་ཡོངས་སུ་ཟད་ནས་སྨན་ཁང་ནས་ཀྱང་ཉེན་སྐྱོབ་མ་ཐུབ་པར་ཤི་ལམ་ལ་ཆས་སོང་ཟེར།དུས་ཐུང་ནང་ཚོར་བ་དབང་བཙན་གྱིས་ལུས་འབྲེལ་བསྟུད་མར་བྱེད་པ་ནི་ཉེན་ཁ་ཧ་ཅང་ཆེ།
  བཞི་པ། དྲན་སྐུལ་ཐུང་ངུ་ཞིག
  གལ་ཆེ་བའི་བུད་མེད་ཀྱི་འཕྲོད་བསྟེན་འདི་དག་ནི་བུད་མེད་དང་ཕྲུ་གུའི་ཚེ་སྲོག་དང་ཐད་ཀར་འབྲེལ་ནས་ཡོད་པས་འདི་གལ་ཆེན་རང་བཞིན་ཡིན་པ་རྟོགས་སླ།ཡིན་ན་ཡང་ལྷག་ཏུ་ང་ཚོའི་བོད་ཡུལ་ན་བུད་མེད་ཚོར་རྒྱུན་ཤེས་འདི་འདྲའི་གོམ་སྲོལ་ཆགས་ཡོད་མཁན་ཞིག་གཞི་ནས་མེད་པ་འདྲ་བས།འདི་ངོ་ཚ་དང་སྣང་མེད་དགོད་གཏམ་ཞིག་ཏུ་མི་འཛིན་པར་ཕན་ཚུན་རང་གི་མཐུན་ས་དང་གྲོགས་པོ། ཡང་ན་ངོ་མི་ཤེས་པ་དག་ལའང་ལྷག་བསམ་དག་པས་བརྒྱུད་སྤྲོད་དང་གསལ་བཤད་མང་དུ་གནང་དགོས།ལྷག་ཏུ་སྐྱེས་པ་ཚོས་རང་གི་ཆུང་མ་དང་དགའ་རོགས་སོགས་ལ་ཁ་ནས་བརྩེ་བ་ཙམ་མ་ཡིན་པར་ཚེ་སྲོག་དང་འབྲེལ་བའི་ལག་ལེན་འདི་དག་གཙིགས་ཆེན་དུ་འཟུང་ནས་རང་གཞན་གྱི་བདེ་ཐང་ལ་སྲུང་སྐྱོབ་གནང་རོགས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།