འབམ་དྲེག་གྲུམ་བུ་གསུམ་གྱི་ནོར་སོ་བསལ་བ།
འབམ་དྲེག་གྲུམ་བུ་ཕལ་ཆེར་འདྲ་སེ་ཡོད་ལ།འོན་ཀྱང་གྲུམ་བུ་ཚ་བ་སྨད་ལྷུང་དང་ཆུ་སེར་བསྡོངས་པས་གྲང་ཤུམ་བྱེད་ཅིང་མགོ་རྐེད་དཔྱི་ཚིགས་ན་ཕྱིས་སུ་རྐང་ལག་གི་ཚིགས་ལ་ཆུ་སེར་ཞུགས་ནས་རེས་མོས་སུ་ན།དྲེག་ནི་གསར་དུས་རྐང་མཐེབ་སོགས་ལ་དྲེག་པ་ཆགས་ནས་ལོང་བུ་མན་སྐྲངས་ཤིང་ཕྱིས་སུ་ཁྲག་རྒྱས་ཏེ་རུས་ཚིགས་ལ་ཁྱབ་ནས་ལྷག་པར་དུ་རྐང་རུས་དང་རྒྱུས་པ་ན་ཞིང་སྒྱིད་ཁུང་འཐེན།འབམ་ནི་ཕལ་ཆེར་ས་རླན་དུག་ཅན་ལ་བརྟེན་ནས་རྐང་པ་ན་ལ།དེ་ཡང་ལུས་ཀྱི་སྟོད་སྨད་རེས་མོས་སུ་ན་ཞིང་སྒྱིད་ཁུང་འཐེན།འབམ་ནི་ཕལ་ཆེར་ས་རླན་དུག་ཅན་ལ་བརྟེན་ནས་རྐང་པ་ན་ལ།དེ་ཡང་ལུས་ཀྱི་སྟོད་སྨད་རེས་མོས་སུ་ན་ཞིང་།སོ་རྙིལ་སྐྲངས་ལ་ཕྱིས་སུ་རྐང་སྐངས་ནས།དམར་ཐིག་ནག་ཐིག་འབབ་ཅིང་ཁ་རུལ་བ་དང་རྙིལ་ནས་ཁྲག་འོང་།ཐོག་མར་ལུས་སྟོད་ན་ཞིང་མིག་དམར་ལ་སོ་རྙིལ་སྐྲངས་པ་དང་སྣ་ཁྲག་འོང་།བར་དུ་ཕོ་མཆིན་རྒྱུ་མ་རྐེད་པ་ན།མཐར་ཆུ་རྒྱུས་ལ་ཞུགས་ནས་པུས་མོ་སྒྱིད་ཁུང་སྐྲང་ཞིང་རྐང་པའི་ཤ་མདོག་འགྱུར།ཤ་རུས་ལ་བབས་ནས་སྐྲང་ཞིང་ན་ཟུག་ཡོང་།ཆུ་རྒྱུས་ལ་བབས་ན་རྐང་པ་བརྐྱང་བསྐུམ་དཀའ་ཞིང་རྟིང་པ་མི་ཚུགས།རྙིངས་ན་རྙིལ་སྔོ་ལ་རྣག་དྲི་བྲོ།རྐང་མར་དང་སྙིང་ལ་བབས་ན་འཚོ་དཀའ་ཡང་གཞན་བཅོས་རུང་།དེ་དག་འཆོས་ཚུལ་གཞན་དུ་བཤད་ཟིན་ལྟར་སོ་སོའི་སྨན་ནམ་སྤྱི་སྨན་གཏོང་ཞིང་།དྲེག་ལ་གླང་ཐུག་ནག་པོའི་ལྕི་བ་དྲོན་མོའི་དེབ་ཀྱིས་ན་ཚ་ཉམས་དམད།གང་ན་ངོས་ཀྱི་རྐང་པའི་མཐེབ་མཛུབ་བར་ཅུང་ཟད་གཏར་ན་ནད་རླངས་ཐོན།གྲུམ་བུ་ལ་གླང་ཆེན་ཁཎྡྲི་མི་གཏོང་།སྤྲུ་དཀར་རམ་སྤྲུ་ནག་ཐུན་རེའི་ཐང་ལན་གསུམ་གྱིས་གཉན་གཅོག འབམ་གསར་ལ་ཕག་ནག་གི་མཆིན་པ་ཟ་ཞིང་དེའི་ཁུ་བའམ་རྒོད་མ་དཀར་མོའི་འོ་མས་བཀྲུས་ན་ཤེད་ཉམས།