logo

སྨན་པ་རྒྱ་མཚོ་དང་ཁོའི་ཟོལ་མེད་ཀྱི་ལྷག་བསམ།

རྩོམ་པ་པོ།:དོན་འགྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-11 ཀློག་གྲངས།:

སྨན་པ་རྒྱ་མཚོ་དང་ཁོའི་ཟོལ་མེད་ཀྱི་ལྷག་བསམ།
སྨན་པ་རྒྱ་མཚོ།

        སྨན་པ་རྒྱ་མཚོ་ནི་རང་ལོ་བཅུ་གཅིག་སྟེང་ནས་བཟུང་གསོ་རིག་སྦྱངས་པའི་ལས་ལ་ཕྱོགས་པ་དང་། ཆུང་དུས་ནས་བཟུང་། རྒྱུད་བཞི་བློར་འཛིན་ལ་གོམས་པར་མ་ཟད། མིང་དུ་གྲགས་པའི་རྒྱ་ཡེ་སྨན་པ་ལུང་རིགས་རྒྱ་མཚོ་སོགས་བསྟེན་ཏེ་ལག་ལེན་དངོས་ལ་སྦྱངས་པ་དང་། སྔ་ཕྱིར་མཚོ་ལྷོ་ཁུལ་གསོ་རིག་སློབ་གྲྭ་དང་མཚོ་སྔོན་གསོ་རིག་སློབ་ཆེན་སོགས་སུ་འགྲིམས་ནས་བོད་ཀྱི་གསོ་བ་རིག་པའི་ཕྱོགས་ལ་སྦྱངས་པ་ལྷུར་ལེན་བྱས།
         2002ལོ་ནས་བཟུང་ཁོ་རང་གིས་སྒོ་བསྟེན་སྨན་ཁང་ཕྱེས་པ་དང་། ཁོས་གསོ་བ་རིག་པའི་ལག་ལེན་དངོས་དེ་སྤྱད་ནས་ནད་པ་གང་མང་ལ་ནད་བཅོས་བྱས་པར་མ་ཟད། ལྷག་ཏུ། དྲག་ཐབས་དཀའ་བའི་མཆིན་ནད་ལྡེམ་བུ་དང་། དྲག་གྲིམས། མཁྲིས་རྡོ། རྒྱུ་ལྷག་སོགས་ལ་གཞན་དང་མི་འདྲ་བའི་བཅོས་ཐབས་ཁྱད་པར་བ་ཡོད་པས། མི་སྒེར་མང་པོས་དགའ་བསུ་ཆེས་ཆེར་ཐོབ་པར་མ་ཟད་ཁོ་ལ་སྟོན་པའི་ནད་པ་ཡང་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད།

སྨན་པ་རྒྱ་མཚོ་དང་ཁོའི་ཟོལ་མེད་ཀྱི་ལྷག་བསམ།
སྨན་པ་རྒྱ་མཚོས་ནད་པའི་ནད་བརྟག་པའི་ཚུལ།

         སྨན་པ་རྒྱ་མཚོ་ལ་མཚོན་ན་བྱམས་བརྩེ་ནི་སྨན་པ་ཞིག་ལ་མཚོན་ན་ཆེས་མེད་མི་རུང་བའི་ལྷག་བསམ་ཡིན་པ་རྟོགས་ཡོད་པས། 2002ལོ་ནས་བཟུང་ཁོས་ལོ་གཉིས་རེའི་ནང་དུ་སྨན་སྦྱིན་ཐེངས་རེར་གཏོང་མགོ་བརྩམས་ལ། སྔ་ཕྱིར་དཔའ་ལུང་རྫོང་དང་། ཐེམ་ཆེན་རྫོང་གི་འབྲུག་ཁྱུང་ཡུལ་ཚོ་སོགས་ནས་སྒོར་ཁྲི10ལྷག་གི་སྨན་སྦྱིན་བཏང་ནས་ནད་པ1000ལྷག་ལ་སྨན་བཅོས་བྱས།
         ད་ཐེངས་ཡང་གསེར་ཆེན་རྫོང་སྤྲེལ་ནག་ཡུལ་ཚོ་སྦྲུལ་ལུང་སྡེ་བ་རུ་ཕྱིན་ནས་ནད་པ1000ལྷག་ལ་མ་དངུལ་སྒོར་ཁྲི18ལྷག་གི་སྨན་སྦྱིན་བཏང་ཞིང་། འཐེབ་རྒྱ་དང་། སྦྲུལ་ལུང་། ཤིང་མགོན། ཆོས་རྗེ་སོགས་ནས་ཡོང་བའི་ནད་པ་མང་པོས་དགའ་བསུ་ཆེར་ཆེར་ཐོབ་ལ། ཁོའི་ལག་ལེན་དངོས་ཀྱི་གསོ་བ་རིག་པའི་ཉམས་མྱོང་ཟབ་མོ་དང་གཞན་ཕན་ལྷག་བསམ་གྱི་བྱམས་བརྩེ་དེ་ཡིས་སྨན་པ་རྒྱ་མཚོ་ཡི་མི་ཚེ་ལ་འོད་སྟོང་གི་མདུན་ལམ་ཞིག་སྣོན་གྱིན་ཡོད། 


འབྲེལ་ཡོད་འོས་སྦྱོར།