logo

ཕྲུ་གུའི་ཆམ་པ་ནད་ཆུང་ལ་བརྩིས་ནས་སྨན་གང་བྱུང་བསྟེར་རྒྱུ་མེད།

རྩོམ་པ་པོ།:ཟླ་གྲགས། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2010-12-17 ཀློག་གྲངས།:

          ཁྱིམ་བདག་མང་པོ་ཞིག་གིས་ཆམ་ནད་ནི་རྒྱུན་མཐོང་གི་ནད་གཅིག་ལ་བརྩིས་ནས་སྨན་ཁང་ལ་མ་ཁྲིད་པར་རང་མཚམས་ཀྱིས་ནང་དུ་སྨན་སྟེར་གྱི་ཡོད། དོན་དམ་དུ་ཆམ་ནད་ལ་རིགས་མི་འདྲ་བ་དུ་མ་ཡོད་པས་ཆམ་པའི་སྨན་རང་འདོད་དུ་བསྟེར་ན་ནད་ཐོག་ཏུ་མ་འཁེལ་བར་ན་ཚ་དྲག་སྐྱེད་འགོར་བ་མ་ཟད་གཟུགས་པོར་གནོད་ཕོག་ཀྱང་མི་ཉུང་བ་ཞིག་ཡོད། དང་ཐོག་ཚ་བ་རྒྱག་པར་ཚ་བ་གཅོག་སྨན་བསྟེར་ན་ནད་གཞི་འགེབས་སྲུང་བྱས་ནས་ནད་འགོག་ནུས་པ་དམའ་རུ་གཏོང་བ། ཚད་ལས་འགལ་བའམ་དུས་ཚོད་རིང་པོ་ཨན་ཅི་ཐང་ཀན་རིགས་ཀྱི་སྨན་རྫས་སམ་ཚ་འཇོག་ཟུག་འཇོམས་ཀྱི་སྨན་བསྟེར་ན་ཕྲུ་གུའི་ཐོས་ནུས་སམ་ཡིད་གཟབ་ནུས་པ་དང་སྐྱེ་འཚར་ནུས་པར་ཤུགས་རྐྱེན་བཟོ་གི་ཡོད།  ཡང་ཕྲུ་གུའི་འབྱུང་ཁམས་མི་རྒན་པ་དང་མི་འདྲ་བས་མི་རྒན་པར་བདེ་འཇགས་ཆེ་བའི་སྨན་ཕྲུ་གུར་བདེ་འཇགས་ཡོད་པའི་ངེས་པ་མེད་ལ་དེ་བས་ཁྲོམ་རྭའི་ཐོག་ཐོན་པའི་ཕྲུ་གུའི་ཆམ་པའི་སྨན་གྱི་ཚད་གཞི་མི་རྒན་པ་ནང་བཞིན་གཏན་ཁེལ་མེད་པར་མི་རྒན་པ་ལས་ཉུང་ཙམ་མམ་བཅུ་ཆ་ཁ་ཤས་ཟེར་བ་ལས་མེད་པ་དེས་ཕྲུ་གུར་སྨན་གྱི་སྟེར་ཚད་འཚམ་པོ་མ་བྱུང་ན་གཟུགས་པོར་ཕན་པ་ལས་གནོད་པའི་ཆ་མང་བ་ཡོང་གི་ཡོད།  དེར་བརྟེན་ཕྲུ་གུར་ཆམ་པ་ཕོག་ན་ན་ཚར་བལྟོས་ནས་སྨན་བསྟེར་རྒྱུ་གལ་ཆེན་པོ་ཡིན་ལ་སྨན་གྱི་ཚད་རན་པོ་དགོས་པ་དང་ཡག་ཤོས་འབྱུང་ན་ཕྲུ་གུའི་རིགས་ལ་སྨན་ཁང་དུ་ནད་དཔྱད་ཁ་གསལ་བྱས་ནས་སྨན་བསྟེར་དགོས་པ་ལས་ཆམ་སྨན་གང་བྱུང་དུ་བསྟེར་རྒྱུ་མེད།


འབྲེལ་ཡོད་འོས་སྦྱོར།