འཆར་ལྡན་རིམས་འགོག་གི་ཤེས་བྱ།
རྩོམ་པ་པོ།:སྒྲོལ་མ་སྐྱིད།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།
དུས་ཚོད།:2010-11-09
ཀློག་གྲངས།:
ཟླ༡༢ཚེས༥ཉིན་ནི་འཛམ་གླིང་གི་རིམས་ནད་འགོག་ཤུགས་ཆེ་རུ་གཏོང་བའི་ཉི་མ་ཡིན།རིམས་ནད་འགོག་ཤུགས་ཆེ་རུ་གཏོང་བ་དེ་རྒྱུན་སྲོལ་གྱི་རིམས་ནད་འགོག་པར་ཤུགས་བསྣན་ཏེ།འཆར་ལྡན་རིམས་འགོག་དང་མཉམ་དུ་འཆར་ལྡན་རིམས་འགོག་གི་མ་ལག་ཆགས་པར་བྱེད་རྒྱུ་དེ་རེད།འཆར་ལྡན་རིམས་འགོག་ནི་འགོས་ནད་གྱི་བྱུང་ཚུལ་ལ་ཞིབ་བཤེར་ཚད་ལེན་དང་།མི་ཚོགས་ཀྱི་རིམས་འགོག་གནས་ཚུལ་དང་བྱིས་པའི་རིམས་འགོག་ཁྱད་ཆོས་ལ་དབྱེ་ཞིབ་དང་།རིམས་འགོག་རིག་པའི་རྩ་བའི་རིགས་པ་དང་རྒྱལ་ཁབ་གྱིས་གཏན་ལ་ཕབ་པའི་རིམས་འགོག་གི་གོ་རིམ་ལྟར།འཆར་གཞི་ཡོད་པའི་སྒོ་ནས་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པ་དང་།མི་ཚོགས་ཀྱི་རིམས་འགོག་ཆུ་ཚད་ཇེ་མཐོར་བཏང་ནས་འགོས་ནད་ཚོད་འཛིན་དང་ཐ་ན་རྩ་མེད་དུ་གཏོང་བའི་དམིགས་ཡུལ་དུ་བསླེབས་པར་བྱེད་པའི་ཆེས་སྟབས་བདེ་དང་ཆེས་ཕན་ནུས་ལྡན་པའི་སྔོན་འགོག་བྱེད་ཐབས་ཞིག་རེད།
བྱིས་པར་ཅི་ཞིག་ལ་འགོག་ཁབ་རྒྱག་དགོས་ཟེར་ན།བྱིས་པ་སྐྱེས་རྗེས།བྱིས་པའི་ལུས་ཐོག་ཏུ་ཨ་མའི་ལུས་སྟེང་ནས་ཡོང་བའི་ནད་རིགས་འགོག་པའི་དུག་སྲིན་འགོག་རྫས་སྣ་ཚོགས་ཡོད་པ་དང་།ནང་སྒོས་སུ་ཨ་མའི་ནུ་མ་ལྡུད་ན།ཨ་མའི་འོ་མའི་ནང་དུ་ད་རུང་ཚད་ངེས་ཅན་ཞིག་གི་དུག་སྲིན་འགོག་རྫས་འདུས་ཡོད་པས།བྱིས་པར་ལོ་ཕྱེད་ཀྱི་ནང་ལ་འགོས་ནད་མི་འབྱུང་བ་རེད།བྱིས་པ་ཟླ་དྲུག་ལོངས་རྗེས།ཨ་མའི་ལུས་སྟེང་ནས་ཡོང་བའི་དུག་སྲིན་འགོག་རྫས་རིམ་བཞིན་ཡལ་འགྲོ་བས།སྐབས་དེར་ནད་དུག་དང་འབུ་ཕྲ་སོགས་ནད་གཞི་འབྱུང་རྩ་དག་ལ་རེག་ཚེ།འགོས་ནད་ཕོག་སླ་བ་རེད།
དེའི་སྟབས་ཀྱིས་ངེས་པར་དུ་འགོས་ནད་སྔོན་འགོག་ལ་མཐོང་ཆེན་བྱེད་དགོས་པ་དང་།ཆེས་གལ་ཆེ་བ་ནི་དུས་ལྟར་འགོག་ཁབ་རྒྱག་རྒྱུ་དེ་རེད།
བྱིས་པར་འགོག་ཁབ་མ་བརྒྱབ་པའི་སྔོན་ལ་ཁྱིམ་བདག་གིས་ཅི་ཞིག་སྒྲུབ་དགོས་བ་ཡིན་ཟེར་ན།གཅིག་ནས་བྱིས་པའི«འགོག་ཁབ་རྒྱག་པའི་འཛིན་ཡིག»གྲ་སྒྲིག་བཟང་བོ་བྱེད་དགོས།བྱིས་པར་འགོག་ཁབ་རྒྱག་སྐབས་ངེས་པར་དུ«འགོག་ཁབ་རྒྱག་པའི་འཛིན་ཡིག»འཁྱེར་དགོས་བ་དང་།སྨན་པས་འཛིན་ཡིག་ལྟར་འགོག་ཁབ་རྒྱག་དགོས་པར་མ་ཟད།འཛིན་ཡིག་སྟེང་བརྒྱབ་ཟིན་པའི་འགོག་ཁབ་ཀྱི་མིང་དང་ཟླ་ཚེས་གསལ་བོར་བྲིས་ཏེ།ནོར་འཁྲུལ་འབྱུང་བ་དང་ཡང་བསྐྱར་རྒྱག་པ།ཆད་ལྷག་འབྱུང་བ་བཅས་སྔོན་འགོག་བྱེད་དགོས།
གཉིས་ནས་བྱིས་པའི་བདེ་ཐང་གི་གནས་ཚུལ་གཞིར་བཟུང་ཏེ།བྱིས་པར་ཚ་རྒྱས་པ་དང་ཁོག་པ་བཤལ་བ།ལུ་བ་སོགས་ཀྱི་རྟགས་ཡོད་མེད་དང་།ཡང་ན་འགོས་ནད་བྱུང་ཡོད་པའི་ནད་པ་དང་འབྲེལ་འདྲིས་བྱས་ཡོད་མེད་ལ་དོ་སྣང་བྱེད་དགོས།རྒྱུ་མཚན་ནི་ཚ་རྒྱས་ཚེ་བྱིས་པར་ནད་བྱུང་བའི་རྟགས་ཡིན་པ་དང་།འགོས་ནད་བྱུང་བའི་ནད་པར་འབྲེལ་འདྲིས་བྱས་ཚེ་ཕལ་ཆེར་ནད་འགོས་ཡོད་པས།སྐབས་འདིར་འགོག་ཁབ་བརྒྱབ་ཚེ་བྱིས་པའི་ནད་ཇེ་ལྗིད་དུ་གཏོང་སྲིད།གཞན་ད་རུང་བྱིས་པར་གལ་ཏེ་སྙིང་དང་མཆིན་པ།མཁལ་མ་བཅས་ཀྱི་ནད་དང་གཟའ་ནད་སོགས་བྱུང་ཡོད་ཚེ།ངེས་པར་དུ་སྨན་པར་བཤད་དེ་འགོག་ཁབ་བརྒྱབ་ཆོག་མིན་སྨན་པར་ཐག་གཅོད་དུ་འཇུག་དགོས།
གསུམ་ནས་ཐེངས་འདིར་རྒྱག་དགོས་པའི་འགོག་ཁབ་གང་ཡིན་པ་དང་།དེ་མིན་འགོག་ཁབ་འདིའི་ནུས་བ་དང་ངོ་བོ་བཅས་ལ་རྒྱུས་ལོན་གསལ་བོ་བྱེད་དགོས།གལ་ཏེ་བྱིས་པར་ཐེངས་སྔོན་མར་འགོག་ཁབ་བརྒྱབ་རྗེས་ཚ་ཆེན་པོ་ལངས་བ་དང་རྩ་འཁུམ་པ་སོགས་ཀྱི་སྣང་ཚུལ་བྱུང་བ་དང་ཡང་ན་ཟ་ཀོང་དང་དབུགས་འཚང་སོགས་མི་འཕྲོད་པའི་སྣང་ཚུལ་ཡོད་ན།སྨན་པར་གསལ་བོར་བཤད་དགོས།
བཞི་ནས་བྱིས་པའི་དཔུང་བ་གཙང་མར་བཀྲུ་དགོས།དགུན་ཁར་འགོག་ཁབ་མ་བརྒྱབ་པའི་སྔོན་ལ་བྱིས་པའི་ལུས་པོ་གཙང་མར་བཀྲུས་ན་བཟང་བ་རེད།
ལྔ་ནས་ལྟོགས་པ་དང་ཧ་ཅང་ཐང་ཆད་པའི་སྐབས་སུ་འགོག་ཁབ་བརྒྱབ་ཚེ།མགོ་ཡུ་འཁོར་བའི་སྣང་ཚུལ་འབྱུང་སླ་བས།བྱིས་པར་འགོག་ཁབ་མ་བརྒྱབ་པའི་སྔོན་ལ་ཟ་མ་བཟང་བོ་ཟ་རུ་འཇུག་པ་དང་ངལ་གསོ་བཟང་བོ་བྱེད་དུ་འཇུག་དགོས།
གནས་ཚུལ་ག་འདྲའི་འོག་ཏུ་བྱིས་པར་འགོག་ཁབ་རྒྱག་མི་ཉན་པ་ཡིན་ཟེར་ན།གཅིག་ནས་ཁོག་སྟོང་སྟེ་ལྟོགས་པའི་སྐབས་སུ་ཁྲག་མངར་ཆེས་དམའ་བས།སྐབས་འདིར་འགོག་ཁབ་བརྒྱབ་ཚེ་སྨན་ལོག་ཚབས་ཆེན་འབྱུང་སྲིད།
གཉིས་ནས་འདུས་འདྲིལ་གློ་གཅོང་ནད་དང་གྲུམ་བུའི་ནད།ཚོར་ལྷག་ལོག་པའི་ནད་རིགས་ཡོད་པ་དང་།ཡང་ན་ཁྲག་ཤེད་མཐོ་བའི་ནད་དང་མཆིན་པའི་ནད།མཁལ་མའི་ནད་སོགས་ཡོད་པའི་བྱིས་པར་ཡང་འགོག་ཁབ་རྒྱག་མི་རུང་བ་རེད།
གསུམ་ནས་ཟ་ཀོང་དང་གློ་ཡུའི་ཡན་ལག་དབུགས་འཚང་ནད་སོགས་མི་འཕྲོད་པའི་ནད་རིགས་ཡོད་ཚེ་འགོག་ཁབ་རྒྱག་མི་རུང་།
བཞི་ནས་པགས་ནད་བྱུང་ཡོད་པའི་སྐབས་སུ་འགོག་ཁབ་རྒྱག་མི་རུང་།
ལྔ་ནས་བྱིས་པར་ཆམ་པ་ཕོག་ནས་ཚ་རྒྱས་པའི་སྐབས་སུ་འགོག་ཁབ་རྒྱག་མི་རུང་།གལ་ཏེ་ཚ་རྒྱས་པའི་སྐབས་སུ་འགོག་ཁབ་བརྒྱབ་ཚེ་བྱིས་པའི་ནད་གཞི་ཇེ་ལྗིད་དུ་གཏོང་སྲིད།
དྲུག་ནས་ཀླད་པ་དང་དབང་རྩའི་མ་ལག་འཚར་སྐྱེ་འབྱུང་ཚད་རྒྱུན་ལྡན་མིན་པ་དང་།ཀླད་པའི་གཉན་ཚད་བྱུང་རྗེས་ཀྱི་མཇུག་རྐྱེན་ནད་དང་གཟའ་ནད་ཡོད་པའི་བྱིས་པར་ཀླད་སྐྱིའི་གཉན་ཚད་ཁ་པའི་འགོག་ཁབ་དང་ཉིན་བརྒྱའི་ལུ་ནད་ཀྱི་འགོག་ཁབ་རྒྱག་མི་རུང་།རྒྱུ་མཚན་ནི་གོང་གི་ནད་དེ་དག་ཡོད་པའི་བྱིས་པར་འགོག་ཁབ་བརྒྱབ་ཚེ་བརྒྱལ་གཟེར་འབྱུང་བ་རེད།
བདུན་ནས་ནད་འགོག་ནུས་བ་ཞན་པའི་བྱིས་པར་ཡང་འགོག་ཁབ་གང་རུང་དུ་རྒྱག་མི་ཉན་པ་ཡིན།
བརྒྱད་ནས་གསུས་པ་བཤལ་བའི་བྱིས་པར་ཀླད་པའི་རྒྱུངས་སྐྱིའི་གཉན་ཚད་ཀྱི་འགོག་སྨན་འཐུང་དུ་འཇུག་མི་རུང་།ནད་དྲག་ནས་གཟའ་འཁོར་གཉིས་འགོར་རྗེས་ད་གཟོད་འཐུང་དུ་འཇུག་དགོས།
བྱིས་པར་འགོག་ཁབ་མ་བརྒྱབ་པའི་སྔོན་དང་འགོག་ཁབ་བརྒྱབ་རྗེས་གང་དག་ལ་དོ་སྣང་བྱེད་དགོས་ཟེར་ན།བྱིས་པར་འགོག་ཁབ་མ་བརྒྱབ་པའི་སྔོན་ལ་ཁྱིམ་བདག་གིས་བྱིས་པའི་ལུས་པོ་བཀྲུས་ཏེ་གོན་རྒྱུ་གཙང་མ་གོན་དུ་འཇུག་དགོས་པར་མ་ཟད།སྨན་པར་བྱིས་པའི་བདེ་ཐང་གི་གནས་ཚུལ་གསལ་བོར་བཤད་དགོས།
བྱིས་པར་འགོག་ཁབ་བརྒྱབ་རྗེས་འགུལ་སྐྱོད་དྲག་པོ་བྱེད་དུ་མི་འཇུག་པར་ངལ་གསོ་འོས་འཚམ་བྱེད་དུ་འཇུག་དགོས་པ་དང་།ལ་ཅོ་སོགས་ཕོག་ཐུག་ཆེ་བའི་ཟས་རིགས་ཟ་རུ་འཇུག་མི་རུང་།གཞན་ད་རུང་གནས་སྐབས་སུ་བྱིས་པའི་ལུས་པོ་བཀྲུ་མི་རུང་།མཚམས་ལར་བྱིས་པར་འགོག་ཁབ་བརྒྱབ་རྗེས་སྨན་ལོག་འབྱུང་སྲིད།གལ་ཏེ་བྱིས་པར་ཚ་ཅུང་ཙམ་ལངས་བ་དང་རྣམ་རིག་མི་གསལ་བ།ཟ་མ་ཟ་མི་འདོད་པ།ངུ་བ་སོགས་སྤྱིར་བཏང་དུ་སྐྱོན་མེད་པ་ཡིན་ལ།བྱིས་པར་བདག་སྐྱོང་བཟང་བོ་བྱས་ཏེ་ཆུ་ཁོལ་མང་པོ་འཐུང་དུ་བཅུག་ན་སྣང་ཚུལ་དེའི་རིགས་མྱུར་དུ་མེད་འགྲོ་བ་ཡིན།བྱིས་པ་ལ་ལར་མཚོན་ན་ཚ་ཆེན་པོ་ལངས་སྲིད་པས་དེའི་སྐབས་སུ་སྨན་པར་བསྟན་ནས་སྨན་བཅོས་བྱེད་དགོས།
རྨང་གཞིའི་རིམས་འགོག་དང་ཤུགས་སྣོན་རིམས་འགོག་ལ་གོ་བ་ཇི་ལྟར་ལེན་དགོས་ཟེར་ན།རྨང་གཞིའི་རིམས་འགོག་ནི་མིའི་ལུས་ཐོག་ཏུ་ཐོག་མར་འགོག་ཁབ་རིགས་ཤིག་བརྒྱབ་པའི་གོ་རིམ་ཆ་ཚང་ཞིང་ཚད་ལོངས་པའི་རིམས་འགོག་སྨན་ཁབ་ལ་ཟེར།ལོ་གཅིག་ནང་གི་བྱིས་པར་འགོག་ཁབ་བརྒྱབ་ནས་རིམས་ནད་འགོག་པའི་སྐབས་སུ།རིམས་འགོག་ནུས་པར་འགན་ལེན་བྱེད་ཆེད།པའེ་པེ་ཕའོ་དང་བྱིས་པ་སྦྲིད་འཁུམ་ནད་ཀྱི་མངར་ལྡན་རིལ་བུ་བཅས་བསྟུད་མར་ཐེངས་གསུམ་ལ་བཀོལ་ན་ད་གཟོད་ནུས་བ་ཐོན་ཐུབ།དེའི་རྒྱུ་མཚན་ནི་པའེ་པེ་ཕའོ་འགོག་ཁབ་ཐོག་མར་བརྒྱབ་རྗེས་ལུས་ཐོག་ཏུ་ནད་འགོག་ནུས་པ་ཐོན་ཚད་དལ་ཞིང་ཉུང་བས།ཐེངས་གཉིས་པ་དང་ཐེངས་གསུམ་པའི་འགོག་ཁབ་རྒྱག་རྗེས་ད་གཟོད་ནད་འགོག་ནུས་བ་ཡོངས་སུ་ཐོན་ཐུབ་པར་མ་ཟད།སྲུང་སྐྱོབ་ཀྱི་ནུས་བ་དེ་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་སྲུང་འཛིན་བྱེད་ཐུབ།
འགོག་སྨན་སྣ་ཚོགས་ལས་ནུས་པ་ཐོན་ཚད་ལ་དུས་བཅད་ངེས་ཅན་ཞིག་ཡོད་པས།རྨང་གཞིའི་རིམས་འགོག་བྱས་རྗེས་སུ།དུས་ཚོད་ངེས་ཅན་བརྒྱུད་དེ་ལུས་ཁམས་ཀྱི་ནད་འགོག་ནུས་པ་དེ་རིམ་བཞིན་ཇེ་ཞན་དང་ཡང་ན་ཡལ་འགྲོ་བས།ལུས་ཐོག་གི་ནད་འགོག་ནུས་པ་མུ་མཐུད་དུ་སྲུང་འཛིན་བྱེད་ཆེད།ཡང་བསྐྱར་འགོག་ཁབ་རྒྱག་པ་དེ་ལ་ཤུགས་སྣོན་རིམས་འགོག་ཟེར་བ་ཡིན།དཔེར་ན་བྱིས་པ་ལོ་གཅིག་དང་ཕྱེད་ཀ་ནས་ལོ་གཉིས་ལོན་པའི་སྐབས་སུ་པའེ་པེ་ཕའོ་གསུམ་གྱི་ཤུགས་སྣོན་རིམས་འགོག་སྨན་ཁབ་རྒྱག་དགོས་ཤིང་།ལོ་བདུན་ལོན་རྗེས་གེག་ནད་དང་རྨ་ངན་དུག་མཆེད་ཀྱི་ཤུགས་སྣོན་འགོག་ཁབ་རྒྱག་དགོས།ལོ་བཞིའི་སྟེང་བྱིས་པ་སྦྲིད་འཁུམ་ནད་ཀྱི་མངར་ལྡན་འགོག་སྨན་ཐེངས་གཅིག་འཐུང་བ་དང་།ལོ་བདུན་གྱི་སྐབས་སུ་སིབ་བུ་དང་ཁ་ཅེ་མེའོ་འགོག་ཁབ་ཐེངས་གཅིག་རྒྱག་དགོས་པ་རེད།
དེས་ན་མི་གང་དག་ལ་འགོག་ཁབ་རྒྱག་མི་རུང་བ་ཡིན་ཟེར་ན།གཅིག་ནི་ཚ་རྒྱས་ནས་ཏུའུ་སོ་བདུན་དང་གྲངས་ཆུང་ལྔ་ཡན་ལས་བརྒལ་བའི་མི་ལ་རྒྱག་མི་རུང་།ཚ་རྒྱས་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་གསལ་བོ་བྱས་ཏེ།ནད་དྲག་རྗེས་ད་གཟོད་འགོག་ཁབ་རྒྱག་དགོས།
གཉིས་ནས་མྱུར་བའི་རང་བཞིན་གྱི་འགོས་ནད་བྱུང་ཡོད་པའམ་ཡང་ན་ནད་དྲག་ནས་གཟའ་འཁོར་གཉིས་ལས་མ་འགོར་བའི་མི་ལ་འགོག་ཁབ་རྒྱག་མི་རུང་།
གསུམ་ནས་མཆིན་ནད་དང་གློ་གཅོང་ནད།མཁལ་མའི་ནད་རིགས།སྙིང་ནད་ཚབས་ཆེན་བཅས་ཡོད་པའི་ནད་པར་འགོག་ཁབ་རྒྱག་མི་རུང་།
བཞི་ནས་སྐྲན་ནད་བྱུང་ཡོད་པའི་ནད་པར་འགོག་ཁབ་རྒྱག་མི་རུང་།
ལྔ་ནས་དབང་རྩའི་མ་ལག་གི་ནད་རིགས་བྱུང་ཡོད་པ་སྟེ།དཔེར་ན་གཟའ་ནད་དང་།ཀླད་པ་འཚར་སྐྱེ་ཆ་མི་ཚང་བ་སོགས་ཀྱི་ནད་རིགས་ཡོད་མཁན་ལ་ཡང་འགོག་ཁབ་རྒྱག་མི་རུང་།
དྲུག་ནས་དབུགས་འཚང་དང་ཟ་ཀོང་།འགོག་ཁབ་བརྒྱབ་རྗེས་མི་འཕྲོད་པའི་སྣང་ཚུལ་ཡོད་མཁན་བཅས་ལ་འགོག་ཁབ་རྒྱག་མི་རུང་།
བདུན་ནས་འཚོ་བཅུད་ཀྱིས་མི་འདང་བ་ཚབས་ཆེན་ཅན་དང་སྟོད་སྒུར་ནད་ཚབས་ཆེན་ཅན།ལྷན་སྐྱེས་རང་བཞིན་གྱི་ནད་འགོག་ནུས་བ་ཞན་པའི་མི་བཅས་ལ་འགོག་ཁབ་རྒྱག་མི་རུང་།
བརྒྱད་ནས་སྦྲུམ་ཆགས་པའི་དུས་དང་།ནུ་མ་བསྣུན་པའི་དུས།ཟླ་མཚན་འབབ་པའི་དུས་བཅས་ཀྱི་སྐབས་སུ་འགོག་ཁབ་རྒྱག་པའི་དུས་ཡུན་ཕྱི་སྣུར་བྱེད་དགོས། དེས་ན་འགོག་ཁབ་བརྒྱབ་རྗེས་ཉིན་ཅི་ཙམ་འགོར་ན་ད་གཟོད་ནད་འགོག་ནུས་བ་ཐོན་ཐུབ་པ་ཡིན་ཟེར་ན།འགོག་ཁབ་བརྒྱབ་རྗེས་དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ད་གཟོད་མིའི་ལུས་ཐོག་ཏུ་ནད་འགོག་ནུས་བ་ཐོན་པ་ཡིན།ནད་འགོག་ནུས་བ་ཐོན་པའི་དུས་ཡུན་གྱི་རིང་ཐུང་དེ་འགོག་ཁབ་རྒྱག་པའི་ཐེངས་གྲངས་དང་འགོག་ཁབ་རྒྱག་པའི་བྱེད་ཐབས།དེ་མིན་ལུས་ཕུང་བདེ་ཐང་གི་གནས་ཚུལ་སོགས་ལ་རག་ལས་བ་ཡིན།སྤྱིར་བཏང་དུ་ཐོག་མའི་འགོག་ཁབ་རྒྱག་རྗེས་ཕན་ནུས་ཐོན་པའི་དུས་ཡུན་དལ་ཞིང་།ཕལ་ཆེར་གཟའ་འཁོར་གསུམ་ནས་བཞི་ཡི་ནང་ད་གཟོད་ནད་འགོག་གི་ནུས་བ་བཟང་བོ་ཐོན་པ་ཡིན།དེའི་ནད་འགོག་ནུས་བ་བལྟོས་བཅས་ཀྱིས་ཅུང་ཞན་པ་དང་དུས་ཡུན་ཐུང་བ་ཡིན།ཡང་བསྐྱར་རྒྱག་པའི་འགོག་ཁབ་ཀྱི་ཕན་ནུས་ཐོན་པའི་དུས་ཡུན་མྱུར་ཞིང་།གཟའ་འཁོར་གཅིག་ཡས་མས་སུ་ནད་འགོག་གི་ནུས་བ་ཐོན་པ་ཡིན།དེའི་ནད་འགོག་ནུས་བ་བཟང་ཞིང་དུས་ཡུན་ཀྱང་རིང་བ་ཡིན།དེར་བརྟེན།དུས་ཚིགས་རང་བཞིན་མངོན་གསལ་ཡོད་པའི་འགོས་ནད་ལ་ལ་ཞིག་སྔོན་འགོག་བྱེད་སྐབས།ཆེས་བཟང་བ་ནི་ནད་དེ་མཆེད་པའི་དུས་ཚིགས་མ་ཐོན་པའི་སྔོན་གྱི་ཟླ་གཅིག་གི་ནང་འགོག་ཁབ་བརྒྱབ་ནས་ཚར་དགོས།དེ་ལྟར་བྱས་ཚེ་ཕན་འབྲས་ལྡན་པའི་སྒོ་ནས་ནད་འབྱུང་བར་སྔོན་འགོག་བཟང་བོ་བྱེད་ཐུབ།
འགོག་ཁབ་བརྒྱབ་རྗེས་བྱུང་བའི་རྒྱུན་མཐོང་གི་སྣང་ཚུལ་དང་དེ་ཇི་ལྟར་ཐག་གཅོད་བྱེད་དགོས་ཟེར་ན།གཅིགསྤྱིར་བཏང་གི་སྣང་ཚུལ་ཐག་གཅོད་བྱེད་ཐབས།
འགོག་ཁབ་བརྒྱབ་ཤུལ་དམར་པོར་འགྱུར་བ་དང་སྐྲངས་བ།ཚ་རྒྱས་བ།ན་ཟུག་སྐྱེས་བ་སོགས་ཀྱི་སྣང་ཚུལ་འབྱུང་ཞིང་།སྐྲང་ཚད་དེ་ཧའོ་སྨིས0.5~ 2.5བར་ཡིན་ཚེ།མི་འཕྲོད་པའི་སྣང་ཚུལ་ཞན་པའི་རིགས་ཡིན་པ་དང་།ཧའོ་སྨིས2.5~5.0བར་ཡིན་ཚེ།མི་འཕྲོད་པའི་སྣང་ཚུལ་འབྲིང་ཙམ་ཡིན།ཧའོ་སྨིས5ཡན་དང་ཡང་ན་སྐྲང་ཚད་ཧའོ་སྨིས5ཡན་ལ་བསླེབས་མེད་རུང་།རྨེན་བུ་དང་རྨེན་བུའི་སྦུག་གུ་གཉན་ཚད་མཉམ་དུ་བྱུང་ཡོད་ན་མི་འཕྲོད་པའི་སྣང་ཚུལ་ཚབས་ཆེན་ཡིན།སྣང་ཚུལ་དེ་རིགས་སྤྱིར་བཏང་དུ་ཉིན་གསུམ་ནས་ལྔ་བར་འགོར་སྲིད།ལུས་ཡོངས་ཀྱི་སྣང་ཚུལ་ནི་རིམས་འགོག་སྨན་ཁབ་བརྒྱབ་རྗེས་ལུས་ཀྱི་ཚ་བ་ཇེ་མཐོར་འགྲོ་ཞིང་།ལུས་ཀྱི་ཚ་ཚད་དེ་ཏུའུ37.5ཡིན་ན་སྣང་ཚུལ་ཞན་པའི་རིགས་ཡིན་པ་དང་།ཚ་ཚད་ཏུའུ37.6~38.5ཡིན་ན་སྣང་ཚུལ་འབྲིང་ཙམ་ཡིན།ཚ་ཚད་ཏུའུ38.6ཡན་ལ་བསླེབས་ཚེ་སྣང་ཚུལ་ཚབས་ཆེན་ཡིན།སྤྱིར་བཏང་གི་སྣང་ཚུལ་ལ་སྨན་བཅོས་བྱེད་མི་དགོས་པར་ངལ་གསོ་ཅུང་ཙམ་བྱས་རྗེས་རྒྱུན་ལྡན་དུ་འགྱུར་སྲིད།སྣང་ཚུལ་འབྲིང་ཙམ་ཅན་ལ་ཚ་སེལ་སྨན་རྫས་བཀོལ་བ་དང་ངལ་གསོ་འོས་འཚམ་བྱེད་དགོས།
གཉིས།སྣང་ཚུལ་ཚབས་ཆེན་གྱི་རིགས་ཐག་གཅོད་བྱེད་ཐབས།
སྣང་ཚུལ་ཚབས་ཆེན་ཞེས་པ་ནི་སྣང་ཚུལ་དྲག་པོ་དང་ཡང་ན་རྒྱུན་ལྡན་གྱི་ཚད་ལས་འདས་བའི་སྣང་ཚུལ་དེ་ལ་ཟེར་ཞིང་།དེའི་ངོ་བོ་ནི་རྒྱུན་ལྡན་གྱི་སྔོན་འགོག་གི་སྣང་ཚུལ་ཁོངས་སུ་གཏོགས་པ་ཡིན།སྣང་ཚུལ་ཚབས་ཆེན་བྱུང་རྐྱེན་ནི་གཅིག་ནས་སྨན་རྫས་ཀྱི་སྤུས་ཚད་ཞན་པ་སྟེ།དཔེར་ན་འགོག་སྨན་གྱི་དུག་རྫས་ནང་གི་དུག་ཤེད་ཆེ་དྲགས་པ་དང་།སྨན་སྦྱོར་གྱི་ཚད་ཆེ་བ།གཙང་མ་མིན་པ་དང་།གཉིས་ནི་སྨན་རྫས་བཀོལ་ཚུལ་འོས་འཚམ་མིན་པ་སྟེ།དཔེར་ན་སྨན་བཀོལ་ཐབས་ནོར་བ་དང་སྨན་གྱི་བཀོལ་གྲངས་ཚད་ལས་བརྒལ་བ་སོགས་ལྟ་བུ་རེད།
སྣང་ཚུལ་ཚབས་ཆེན་བྱུང་རྗེས།སྤྱིར་བཏང་དུ་ནད་རྟགས་དང་བསྟུན་ནས་གསོ་བཅོས་བྱེད་དགོས་སྟེ།དཔེར་ན་ལུས་ཀྱི་ཚ་ཚད་མཐོ་བའི་མི་ལ་ཚ་སེལ་གཟེར་གཅོད་ཀྱི་སྨན་བཀོལ་དགོས།
འགོག་ཁབ་བརྒྱབ་རྗེས་བརྒྱལ་བ་ནི།འགོག་ཁབ་རྒྱག་པའི་ཁྲོད་དུ་བྱུང་བའི་སྣང་ཚུལ་ཁྱད་པར་ཅན་ཞིག་ཡིན།དེ་ནི་ལུས་ཁམས་ལ་ཤུགས་རྐྱེན་ཐེབས་པ་ལས་བྱུང་བའི་གནས་སྐབས་རང་བཞིན་གྱི་ཀླད་པར་ཁྲག་དཀོན་པ་དེ་རེད།མི་ཁ་ཤས་ཤིག་ལ་འགོག་ཁབ་རྒྱག་སྐབས་དང་ཡང་ན་འགོག་ཁབ་བརྒྱབ་རྗེས་ཀྱི་སྐར་མ་འགའི་ནང་གློ་བུར་དུ་བརྒྱལ་ཏེ།ནད་རྟགས་ཡང་མོའི་རིགས་ལ་སེམས་འཚབ་པ་དང་སྟོབས་ཞན་པ།སྐྱུག་རྒྱུ་ཡོང་བ་དང་རྐང་ལག་སྦྲིད་པ་སོགས་འབྱུང་སྲིད།སྤྱིར་བཏང་དུ་དུས་ཡུན་ཐུང་ཐུང་གི་ནང་དུ་ཡལ་སྲིད།ནད་རྟགས་ལྗིད་མོའི་རིགས་ཡིན་ན་ཁ་ངོ་སྐྱ་བོར་འགྱུར་བ་དང་རྩ་འཕར་ཚད་མགྱོགས་པ།རྔུལ་ཆུ་བཞུར་བ་དང་རྐང་ལག་འཁྱག་ཏུ་འགྲོ་བ།སྐབས་འགར་དབུགས་ལེན་དལ་བ་དང་མིག་གི་རྒྱལ་མོ་ཇེ་ཆུང་དུ་འགྲོ་བ་དང་ཡང་ན་གློ་བུར་དུ་དྲན་པ་ཤོར་བ་སོགས་འབྱུང་སྲིད་པས།སྣང་ཚུལ་ཚབས་ཆེན་དེ་རིགས་བྱུང་ཚེ།ནད་པ་བདེ་མོར་གན་རྐྱལ་དུ་ཉལ་ནས་མགོ་དམའ་སར་འཇོག་པ་དང་།ཁང་བའི་ནང་གི་མཁའ་དབུགས་དྭངས་གཙང་ཡིན་དགོས།ཆུ་ཁོལ་དང་ཡང་ན་ཀ་ར་བཏབ་ཡོད་པའི་ཆུ་ཁོལ་དྲོད་འཇམ་འཐུང་དུ་འཇུག་དགོས།
འགོག་ཁབ་རྒྱག་སྐབས་བརྒྱལ་འགྲོ་བ་དེ་ནི་ཁོག་སྟོང་ཡིན་པ་དང་ངལ་དུབ་ཆེ་བ།ཁབ་རྒྱག་སའི་གནས་གཙང་མ་མིན་པ་དང་དངངས་སྐྲག་སྐྱེས་བ་སོགས་ལ་འབྲེལ་བ་ཡོད་པ་རེད།དེའི་སྟབས་ཀྱིས་འགོག་ཁབ་མ་བརྒྱབ་པའི་སྔོན་ལ་དྲིལ་བསྒྲགས་བྱས་ཏེ་སྐྲག་སྣང་སེལ་དགོས།གཞན་ད་རུང་ཁབ་བརྒྱབ་ན་བརྒྱལ་འགྲོ་བ་དང་།སྨྱོ་བྱེད་དང་བརྗེད་བྱེད་ཀྱི་ནད་པའི་ལོ་རྒྱུས་ཡོད་མཁན་བཅས་ལ་འགོག་ཁབ་རྒྱག་སྐབས་དོ་སྣང་བྱས་ཏེ།ཁོག་སྟོང་དང་ངལ་དུབ་ཆེ་བའི་སྐབས་སུ་འགོག་ཁབ་རྒྱག་མི་རུང་བ་ཡིན།
དེས་ན་སྨན་མི་འཕྲོད་པའི་རང་བཞིན་གྱི་དྲན་པ་ཤོར་བར་རྟགས་ཅི་ཞིག་ཡོད་པ་དང་དེ་ཅི་ལྟར་བཅོ་དགོས་ཟེར་ན།མི་ལ་ལར་འགོག་ཁབ་རྒྱག་སྐབས་སུ་སྨན་མི་འཕྲོད་པར་བརྒྱལ་འགྲོ་བའི་སྣང་ཚུལ་འབྱུང་སྲིད།སྣང་ཚུལ་དེ་སྤྱིར་བཏང་དུ་སྨན་ཁབ་རྒྱག་སྐབས་དང་ཡང་ན་སྨན་ཁབ་བརྒྱབ་རྗེས་སྐར་མ་འགའི་ནང་འབྱུང་སྲིད་ལ།དེའི་ནད་རྟགས་ནི་སེམས་འཚབ་པ་དང་ཁ་ངོ་སྐྱ་བོར་འགྱུར་བ།རྔུལ་ཆུ་བཞུར་བ་དང་ལུས་ཀྱི་ཚ་དྲོད་མར་འབབ་པ།རྩ་འཕར་ཚད་དལ་བ།དབུགས་གཏོང་དཀའ་བ།སྐྱུག་རྒྱུ་ཡོང་བ་སོགས་ཡིན།ནད་རྟགས་ལྗིད་མོ་ཅན་ལ་གཟའ་ཕོག་པ་དང་དྲན་པ་མི་གསལ་བ།དྲི་ཆུ་ཤོར་བ་སོགས་ཀྱི་སྣང་ཚུལ་འབྱུང་བས།མྱུར་སྐྱོབ་བྱེད་མ་ཐུབ་ཚེ་སྲོག་ལ་ཉེན་ཁ་འབྱུང་སྲིད།
སྨན་མི་འཕྲོད་པར་བརྒྱལ་འགྲོ་བའི་ནད་པ་དེ་རིགས་ནི་མྱུར་མོར་བདེ་བར་ཉལ་དུ་བཅུག་སྟེ་མགོ་དམའ་སར་འཇོག་པ་དང་།འཇམ་ཐིང་གིས་དྲོད་སྲུང་བྱེད་དགོས་པར་མ་ཟད།པགས་སྐྱིའི་འོག་དང་ཡང་ན་སྡོད་རྩར་ཧྲིན་ཧྲང་ཞན་སུའུ་སྨན་ཁབ་ཧའོ་ཧྲིན་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཅིག་རྒྱག་དགོས།སྨན་མི་འཕྲོད་པའི་རང་བཞིན་གྱི་པགས་འབྲུམ་འབྱུང་བ་ཡིན་ན་སྨན་ལོག་འགོག་པའི་སྨན་རྫས་བཀོལ་བ་དང་དགོས་ངེས་ཀྱི་སྐབས་སུ་ཁྲག་གཅོད་པའི་སྨན་རྫས་བཀོལ་དགོས།འགོག་ཁབ་བརྒྱབ་ཤུལ་རྣག་པ་དེར་ལག་ཕྱིས་གཙང་མ་ཆུ་དྲོན་མོའི་ནང་སྦངས་ནས་སྐྲང་ཡོད་སར་བཀབ་ན་སྐྲངས་ཞི་འགྲོ་བ་དང་།རྣག་པ་ཅུང་ཚབས་ཆེ་ཚེ་ཤེལ་ཁབ་ཀྱིས་རྣག་ཕྱིར་འདྲེན་དགོས།
འགོག་ཁབ་རྒྱག་སྐབས་རྒྱུན་སྲོལ་དང་མི་འདྲ་བའི་སྣང་ཚུལ་ལ་ཐུག་ཚེ།དུས་ཐོག་ཏུ་ཐག་གཅོད་དགོས་པར་མ་ཟད།“རྒྱུན་སྲོལ་དང་མི་འདྲ་བའི་སྣང་ཚུལ་གྱི་ཞིབ་བཤེར་རེའུ་མིག”འགོད་དགོས།རྒྱུན་སྲོལ་དང་མི་འདྲ་བའི་སྣང་ཚུལ་ཚབས་ཆེན་ཀྱི་རིགས་དུས་ཐོག་ཏུ་ཐག་གཅོད་བཟང་བོ་བྱེད་དགོས་པ་ལས་གཞན།ད་རུང་ས་གནས་ཀྱི་འཕྲོད་བསྟེན་རིམས་འགོག་ས་ཚིགས་ལ་ཡར་ཞུ་བྱེད་དགོས།

འབྲེལ་ཡོད་འོས་སྦྱོར།